མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དཔོན་པོས་ཨུ་རུ་སི་ལ་ཉིན་གསུམ་ནས་ལྔའི་ནང་ཝུའུ་ཁི་ལན་དུ་དམག་དཔུང་མངགས་པའི་ནུས་པ་ལྡན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་ཆེས་མཐོའི་དམག་དོན་བཀོད་འདོམས་དཔོན་པོ་པུའུ་ལེ་ཏི་ལོ་ཧྥུའུ་ཡིས་གཟའ་ལྷག་པ་སྟེ་ཚེས2ཉན་བཤད་རྒྱུར། གལ་ཏེ་ཨུ་རུ་སིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་རྒྱུའི་ཐག་བཅད་ཚེ། ཨུ་རུ་སིས་ཝུའུ་ཁི་ལན་གྱི་མཐའ་མཚམས་སུ་དགོས་ངེས་ཀྱི་དམག་དཔུང་བཀོད་སྒྲིག་བྱས་ཡོད་པས། ཉིན་གསུམ་ནས་ལྔའི་ནང་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་ཟེར།

པུའུ་ལེ་ཏི་ལོ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་གནས་བབ་ལ་མི་ཚང་མས་སེམས་ཁུར་བྱེད་བཞིན་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་དམག་དཔུང་ཁ་ཤས་མཚན་མོར་འགུལ་སྐྱོད་བྱེད་པའི་གནས་ཚུལ་ཤེས་མོད། ཡིན་ནའང་ཁོ་ཚོ་ཕྱིར་དམག་སྒར་དུ་ལོག་པའི་གནས་ཚུལ་ད་དུང་གོ་མ་བྱུང་ཟེར།

ཁི་ལེ་མུས་ཡ་ཨུ་རུ་སིའི་ཁོངས་སུ་ཞུགས་པས་ཨུ་རུ་སི་དང་ནུབ་ཕྱོགས་ཀྱི་འབྲེལ་བ་ཆེས་ཚབས་ཆེ་བའི་ཉེན་ཁར་ཐུག་ལ། ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱས། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ད་དུང་གལ་ཏེ་ཨུ་རུ་སིས་ཁི་ལེ་མུས་ཡ་དབང་དུ་བསྡུས་རྗེས་མུ་མཐུད་ཝུའུ་ཁི་ལན་གྱི་ཤར་ཕྱོགས་སུ་དམག་དཔུང་དྲངས་ན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་སྔར་ལས་ནན་མོ་བྱེད་རྒྱུ་ཡིན་ཞེས་བཤད།

བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་དཔོན་པོས་ཝུའུ་ཁི་ལན་གྱི་མཐའ་མཚམས་ན་ཡོད་པའི་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ནུབ་ཕྱོགས་དང་ལྷོ་ཕྱོགས་ལ་འཇིགས་སྣང་བཟོ་བར་སེམས་ཁུར་བྱེད་བཞིན་ཡོད།

པུའུ་ལེ་ཏི་ཧྥུའུ་ཡིས་ཝུའུ་ཁི་ལན་གྱི་མཐའ་མཚམས་ན་ཡོད་པའི་ཨུ་རུ་སིའི་དམག་དཔུང་དེ་ནི་སྟོབས་ཆེ་ཞིང་དམག་འཁྲུག་གི་ནུས་པ་ཆེན་པོ་ལྡན་པའི་དམག་དཔུང་ཞིག་ཡིན་ལ། དེར་གནམ་གྲུ་དང་གྱེན་འཕུར་གནམ་གྲུའི་རྒྱབ་སྐྱོར་ཡོད་པ་དང་། གཡུལ་སའི་སྨན་ཁང་དང་གློག་རྡུལ་དམག་འཁྲུག་གི་ནུས་པ་ཡོད་ཅེས་བཤད།

ཁོས་གལ་ཏེ་ཐག་བཅད་ཚེ། ཨུ་རུ་སི་ཡིས་དམག་དཔུང་ཡོངས་ཀྱིས་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་རྒྱུའི་རེ་བ་འདོན་སྲིད་ལ། ང་ཚོས་བལྟས་ན་ཁོ་ཚོས་དེར་གྲ་སྒྲིག་བཟང་བོ་བྱས་ཡོད་པ་དང་། གལ་ཏེ་འགུལ་སྐྱོད་ཀྱི་བཀའ་འབྱོར་ཚེ། ཨུ་རུ་སི་ཡིས་ཉིན་གསུམ་ནས་ལྔའི་ནང་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག