མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལེ་ཞི་ཡ་ཕྱོགས་ཀྱིས་གར་སོང་མི་ཤེས་པའི་གནམ་གྲུའི་ཁུངས་སྣེ་གལ་ཆེན་རྙེད་ཡོད་པ་དང་དེ་གནས་སྐབས་སུ་སྒྲོག་ཐབས་མེད་ཅེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-03 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡའི་རྒྱལ་ཡོངས་ཉེན་རྟོག་སྤྱི་དཔོན་ཨ་པུའུ་པ་ཁ་ཨར་གྱིས་ཚེས2ཉིན་བཤད་རྒྱུར། མིག་སྔར་གར་སོང་མི་ཤེས་པའི་གནམ་གྲུའི་ཁུངས་སྣེ་གལ་ཆེན་རྙེད་ཡོད་ན་མོད། ཡིན་ནའང་ཁུངས་སྣེ་དེ་གནས་སྐབས་སུ་སྒྲོག་ཐབས་མེད་ཟེར།

མ་ལེ་ཞི་ཡའི་རྒྱལ་ཡོངས་ཉེན་རྟོག་སྤྱི་དཔོན་ཨ་པུའུ་པ་ཁ་ཨར་གྱིས་ཉེན་རྟོག་པས་རྩད་བཅད་པ་བརྒྱུད་ནས་འགྲུལ་བའི་དོགས་པ་སེལ་ཡོད་མོད། ཡིན་ནའང་གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་ལ་ད་དུང་རྩད་གཅོད་བྱེད་བཞིན་ཡོད་ཅེས་བཤད། པ་ཁ་ཨར་གྱིས་མིག་སྔར་ཁུངས་སྣེ་གལ་ཆེན་རྙེད་ཡོད་ནའང་ཁུངས་སྣེ་དེའི་ནང་དོན་ད་དུང་སྒྲོག་ཐབས་མེད་ཅེས་བཤད།

ཧྭ་ཨར་སྲང་ལམ་ཉེན་རེའི་ཚགས་པར་གྱི་དྲ་ཚིགས་སྟེང་ཚེས་གཉིས་ཉིན་བཀོད་པའི་གནས་ཚུལ་ལྟར་ན། མིག་སྔར་མ་ལེ་ཞི་ཡའི་ཉེན་རྟོག་ཕྱོགས་ཀྱིས་གར་སོང་མི་ཤེས་པའིMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་རྟོག་ཞིབ་དེ་ཉེས་དོན་རྟོག་ཞིབ་ཏུ་གཏན་ཁེལ་བྱས་ཡོད་ལ། དེས་མི་ཚད་གནམ་གྲུའི་ལས་དཔོན་གྱི་ཁྱིམ་ནས་རྙེད་པའི་འཕུར་ཆས་ལ་རྟོག་ཞིབ་བྱས་པའི་མཇུག་འབྲས་ད་དུང་བུད་མེད་ཟེར།

རྟོག་ཞིབ་བྱས་པ་ལྟར་ན། མ་ལེ་ཞི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོས་གར་སོང་མི་ཤེས་པའིMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་རྟོག་ཞིབ་བྱ་བ་ད་དུང་མུ་མཐུད་སྤེལ་བཞིན་པ་དང་། ཁོ་ཚོས་མི་སྔར་ལས་མང་བོརMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་གནས་ཚུལ་ཤེས་སུ་འཇུག་རྒྱུ་ཡིན། མིག་སྔརMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་རྟོག་ཞིབ་ཟིན་ཐོ་བརྒྱ་དང་བདུན་ཅུ་ལས་བརྒལ་བ་དང་། གལ་ཏེ་རྟོག་ཞིབ་ཀྱི་མཇུག་འབྲས་ད་ལྟར་བསྒྲགས་ན། རྗེས་ཕྱོགས་ཀྱི་ཞིབ་དཔྱོད་གཏུག་བཤེར་ལ་ཤན་ཤུགས་ཐེབས་སྲིད་ཅེས་བཤད་ཟེར།

དེ་དང་མཉམ་དུ་མ་ལེ་ཞི་ཡ་ཉེན་རྟོག་ཕྱོགས་ཀྱིས་ད་དུང་རྟོག་ཞིབ་བྱས་པ་བརྒྱུད་ནསMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མི་ཤེས་པའི་རྒྱུ་རྐྱེན་ངོ་མ་ད་དུང་རྙེད་མེད་ལ། གནམ་གྲུའི་ལས་དཔོན་གྱི་ཁྱིམ་ནས་རྙེད་པའི་འཕུར་ཆས་ལ་རྟོག་ཞིབ་བྱས་པའི་མཇུག་འབྲས་ཡང་ད་དུང་བུད་མེད་པས། ཁོ་ཚོས་ཆེད་མཁས་པའི་འཕུར་ཆས་རྟོག་ཞིབ་ཀྱི་མཇུག་འབྲས་ལ་སྒུག་ཡོད་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག