མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་ཞུགས་པར་དངོས་སུ་རེ་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཕཱ་ལེ་སི་ཐན་གྱིས་ཟླ་ངོ་བརྒྱད་ལ་མཚམས་བཞག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱལ་སྤྱིའི་སྤྱི་ཆིངས་ནང་ཞུགས་པའི་བྱ་བ་སླར་གསོ་བྱས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཟུང་མི་ཕྱིར་གཏོང་བྱེད་པའི་གྲོས་མཐུན་ལག་བསྟར་མ་བྱས་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཨ་པཱ་སི་ཡིས་ཉིན་དེའི་དགོང་མོར་དཔོན་ཕྱོགས་ཀྱིས་རེ་ཞུའི་ཡི་གེ་ལ་མིང་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅོ་ལྔ་དང་རྒྱལ་སྤྱིའི་སྤྱི་ཆིངས་ལ་རེ་ཞུ་སྤྲོད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་མཇུག་མཐར་ད་རུང་ཕཱ་ལེ་སི་ཐན་གྱི་བཟུང་མི་ཕྱིར་གཏོང་བྱེད་པར་ཁས་ལེན་མ་བྱས་ན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་ཁུངས་རེ་གསུམ་དང་རྒྱལ་སྤྱིའི་སྤྱི་ཆིངས་ནང་ཞུགས་པའི་རེ་ཞུ་འདོན་རྒྱུ་ཡིན་ཟེར།

ཨ་པཱ་སི་ཡིས་ད་རུང་ནན་གྱིས་བསྟན་དོན། ཐེངས་འདིར་རེ་ཞུའི་བྱ་བ་སླར་གསོ་བྱས་པ་ནི་ཕཱ་ལེ་སི་ཐན་ལ་ཡོད་པའི་དབང་ཆ་ཡིན་པ་དང་། ཨ་མེ་རི་ཁར་དམིགས་པ་མིན་ལ། ཕཱ་ལེ་སི་ཐན་ཞི་བའི་གྲོས་མོལ་ལས་ཕྱིར་བུད་པའི་མཚོན་རྟགས་ཀྱང་མིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག