མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱིས་གནས་སྐབས་སུ་ཨུ་རུ་སིའི་བར་གྱི་རྒྱུན་ལྡན་མཉམ་ལས་འབྲེལ་བ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་གནས་སྐབས་སུ་ཨུ་རུ་སིའི་བར་གྱི་རྒྱུན་ལྡན་མཉམ་ལས་འབྲེལ་བ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

ཉིན་དེར་བསྡུས་པའི་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཞུགས་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་། བྱང་ཆིངས་རྩ་འཛུགས་དང་ཝུའུ་ཁི་ལན་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ། མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྱི་དམངས་དོན་དང་དམག་གདོན་ཐད་ཀྱི་མཉམ་ལས་སྣ་ཚོགས་མཚམས་འཇོག་རྒྱུ་ཐག་བཅད་དེ། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ཚོགས་པས་མུ་མཐུད་དུ་བརྗེ་རེས་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཉིན་དེར་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ནས་འགུལ་སྐྱོད་སྤེལ་བར་དམིགས་ཏེ་ང་ཚོས་མུ་མཐུད་དུ་ཨུ་རུ་སིའི་བར་རྒྱུན་ལྡན་གྱི་མཉམ་ལས་བྱེད་མི་རུང་ཟེར།

བྱང་ཆིངས་རྩ་འཛུགས་དང་ཝུའུ་ཁི་ལན་གྱིས་མཉམ་འབྲེལ་གསལ་སྒྲོག་ནང་ད་རུང་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རོགས་རམ་བྱས་ཏེ་འགོག་སྲུང་མ་ལག་བཅོས་བསྒྱུར་བྱེད་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་ད་རུང་བསྟན་དོན། ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་ཁྲིམས་མཐུན་རང་བཞིན་ཁས་ལེན་མི་བྱེད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་གནད་དོན་ཐག་གཅོད་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག