མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཞི་ལཱ་རྒྱལ་ཁབ་ལ་ཡོ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གསུམ་གྱི་རོགས་སྐྱོར་དངུལ་བུན་སྟེར་བར་འཐད་པ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་ཞི་ལཱའི་རྒྱལ་ས་ཡཱ་ཏེན་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ་བདུན་པའི་ཟླ་མཇུག་གི་སྔོན་ལ་ཞི་ལཱ་རྒྱལ་ཁབ་ལ་ཡོ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གསུམ་གྱི་རོགས་སྐྱོར་དངུལ་བུན་བྱས་ནས། ཞི་ལཱ་རྒྱལ་ཁབ་ཀྱིས་དུས་ཚོད་ལོངས་པའི་དངུལ་བུན་སྟེར་དུ་འཇུག་རྒྱུར་འཐད་པ་བྱུང་།

ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱིས་ཉིན་དེའི་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱིས་བལྟས་ན་མིག་སྔར་དགོས་ངེས་ཀྱི་ཆ་རྐྱེན་འཛོམས་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོས་བྱེད་ཐབས་སྤྱད་དེ། ཞི་ལཱ་རྒྱལ་ཁབ་ལ་ཡོ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གསུམ་གྱི་དངུལ་བུན་སྟེར་བར་ཆོག་མཆན་བཀོད་ཆོག་པར་འདོད། གསལ་སྒྲོག་ལས་བཤད་རྒྱུར། ཞི་ལཱའི་ཕྱིན་ཆད་ཀྱི་ཟླ་ངོ་བཅུ་གཉིས་ཀྱི་མ་དངུལ་དགོས་མཁོར་འགན་སྲུང་ཐོབ་ཡོད་པ་དང་། ཞི་ལཱ་རྒྱལ་ཁབ་དེ་འཆར་གཞི་ལེགས་སྒྲིག་བྱེད་པའི་རེ་བ་དང་དམིགས་འབེན་ཡོངས་འགྲུབ་བྱས་ན། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཞི་ལཱ་རྒྱལ་ཁབ་ཀྱིས་ཚོང་ར་ལས་མ་དངུལ་གསོག་ཐུབ་རག་བར་དུ་དེའི་དམ་བཅའ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཏའེ་སེ་ཨར་པུའུ་ལུའུ་མུའུ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དངུལ་བུན་དེ་ཁག་གསུམ་དུ་བགོས་ནས་སྟེར་རྒྱུ་ཡིན་པ་དང་། དེའི་ནང་ཡོ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་སྟེར་རྒྱུ་ཡིན་ལ། ཆ་རྐྱེན་ནི་ཞི་ལཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱིའི་རོགས་སྐྱོར་ཕྱོགས་ཁག་བར་བཀོད་པའི་གྲོས་མཐུན་ཁྲོད་ཀྱི་བྱེད་ཐབས་དངོས་འབེབས་གང་ལེགས་བྱེད་དགོས། ཚོད་དཔག་བྱས་ན་ཟླ་དྲུག་པ་དང་ཟླ་བདུན་པར་ཡང་སོ་སོར་ཡོ་སྒོར་ཐེར་འབུམ་གཅིག་རེ་སྟེར་རྒྱུ་ཡིན་ཟེར།

ཏའེ་སེ་ཨར་པུའུ་ལུའུ་མུའུ་ཡིས་བཤད་རྒྱུར། གོང་གི་མ་དངུལ་དེའི་ནང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་འདོན་སྤྲོད་བྱས་པའི་དངུལ་བུན་འདུས་མེད་ཟེར།

ཉིན་དེའི་གྲོས་ཚོགས་ནས་ད་རུང་ཕུའུ་ཐའོ་ཡཱ་ལ་རོགས་སྐྱོར་དངུལ་བུན་སྟེར་བ་དང་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག