མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་པ་བདེན་དཔང་བྱེད་ཐབས་མེད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-02 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་བསྟན་དོན། ཁོས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་ཡོད་མིན་བདེན་དཔང་བྱེད་ཐབས་མེད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་པུའུ་ལུའུ་སེར་ནས་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་མ་བྱས་གོང་། ལཱ་སི་མུའུ་སིན་གྱིས་གསར་འགོད་པར་བཤད་རྒྱུར། ཨུ་རུ་སི་ཡིས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་པ་བདེན་དཔང་བྱེད་ཐབས་མེད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་དམག་དཔུང་ཕྱིར་འཐེན་བྱས་པའི་གནས་ཚུལ་ཅི་ཡང་མཐོང་མེད་ཟེར།

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་ཉེ་བའི་ས་ཁུལ་ནས་ཕྱིར་འཐེན་བྱེད་བཞིན་ཡོད་ཟེར།

དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དང་འདབས་འབྲེལ་དུ་ཡོད་པའི་ཨུ་རུ་སིའི་མངའ་ཁོངས་ནས། ཨུ་རུ་སིའི་དམག་དཔུང་གི་གཞི་རྒྱ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་དམག་དོན་དངོས་རྫས་ཀྱང་རྒྱུན་ཆད་མེད་པར་གནས་དེར་སྐྱེལ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག