མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་ཙུང་ལི་ཨོ་སི་ཁྲུ་ལི་ཡཱའི་ཕོ་སིའི་འཚོལ་ཞིབ་བྱེད་སའི་ཡུལ་དངོས་སུ་འགྲོ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་འགྲིམ་འགྲུལ་བློན་ཆེན་ཚབ་མ་ཞེ་ཧྲ་མུའུ་ཏེན་གྱིས་ཟླ3པའི་ཚེས31ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཨོ་སི་ཁྲུ་ལི་ཡཱའི་ཕོ་སི་གྲོང་ཁྱེར་གྱི་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་སའི་ཡུལ་དངོས་སུ་སོང་ནས། འཚོལ་ཞིབ་འགུལ་སྐྱོད་ཀྱི་ཐོག་མའི་རྒྱུ་ཆ་འཚོལ་སྡུད་བྱེད་རྒྱུ་རེད་ཟེར།

ཞེ་ཧྲ་མུའུ་ཏེན་གྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར། ནཱ་ཅི་པུའུ་དང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་གཉིས་ཀྱི་ཁ་པར་གྲོས་མོལ་བྱས་པ་དང་། ཨ་པའོ་ཐི་ཡིས་མིག་སྔའི་འཚོལ་ཞིབ་འགུལ་སྐྱོད་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ནཱ་ཅི་པུའུ་ཡིས་ཟླ་བཞི་བའི་ཚེས་གཉིས་ཉིན་ཨོ་སི་ཁྲུ་ལི་ཡཱའི་ཕོ་སི་མཁའ་དམག་རྟེན་གཞིར་བྱ་བའི་འཚམས་འདྲི་བྱས་ཏེ། འབྲེལ་ཡོད་འགུལ་སྐྱོད་ཀྱི་འཕེལ་རིམ་ལ་ཐད་ཀར་རྒྱུས་ལོན་བྱེད་རྒྱུ་ཐག་བཅད་པ་རེད་ཟེར།

ཞེ་ཧྲ་མུའུ་ཏེན་གྱིས་བཤད་རྒྱུར། ཁོ་རང་ཉིད་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་ཞཱ་ཝེ་ཡེ་རུ་སོང་ནས་ཟླ་བཞི་བའི་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགོག་སྲུང་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་ཨ་མེ་རི་ཁ་སོགས་ལ་འཚོལ་ཞིབ་འགུལ་སྐྱོད་ཀྱི་གནས་ཚུལ་གསར་བ་སྙན་ཞུ་བྱེད་རྒྱུ་ཡིན་ལ། རྒུད་སྐྱོབ་བྱ་བ་དེ་རྙོག་འཛིང་གི་དུས་རིམ་དུ་བསླེབ་པ་དང་བསྟུན་ནས་དམིགས་བསལ་གྱི་དམག་དོན་སྒྲིག་ཆས་བཀོད་སྒྲིག་བྱེད་མིན་དང་། མཚོ་གཏིང་གི་སྔོག་འདོན་བྱ་བར་ཇི་ལྟར་ཐོན་ཁུངས་འདོན་སྤྲོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཞེ་ཧྲ་མུའུ་ཏེན་གྱིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་མཱ་ལེ་ཞི་ཡཱ་རུ་སྡོད་པའི་ཨོ་སི་ཁྲུ་ལི་ཡཱའི་མཐོ་རིམ་ཆེད་དོན་པས་ཁོ་ལ་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པའི་རྒྱལ་ཁབ་མང་བོའི་མཐུན་སྦྱོར་ལྟེ་གནས་འཛུགས་པའི་གནས་ཚུལ་མཚམས་སྦྱོར་བྱས། ལྟེ་གནས་དེ་ཨོ་སི་ཁྲུ་ལི་ཡཱའི་ཕོ་སི་མཁའ་དམག་རྟེན་གཞི་ནས་འཛུགས་རྒྱུ་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གི་ལས་ཁུངས་སོ་སོ་དང་རྒྱལ་ཁབ་སོ་སོའི་འཚོལ་ཞིབ་དཔུང་ཁག་གིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་དང་དོན་རྐྱེན་དེར་རྟོག་ཞིབ་བྱེད་པའི་བྱ་བར་གཅིག་གྱུར་མཐུན་སྦྱོར་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག