མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་གླེང་སྟེགས་ནས་སྣ་འཛོམས་ཚོང་རྫས་ཉོ་ཚོང་གི་རིན་གོང་སོགས་གྲོས་གཞི་ལ་དོ་སྣང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱིས་ཟླ3པའི་ཚེས31ཉིན་བཤད་རྒྱུར། ཟླ4བའི་ཚེས7ཉིན་ནས་ཚེས8ཉིན་བར་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པའི་འཛམ་གླིང་ཡོངས་ཀྱི་ཚོང་རྫས་གླེང་སྟེགས་ནས་གཙོ་བོ་སྣ་འཛོམས་ཚོང་རྫས་ཉོ་ཚོང་ཁྲོད་ཀྱི་རིན་གོང་གསལ་བོ་བྱེད་པ་སོགས་གྲོས་གཞི་ལ་དོ་སྣང་བྱེད་རྒྱུ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བ་ཀྲང་ཧྲུའུ་ཁྲོན་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། སྣ་འཛོམས་ཚོང་རྫས་ལ་བརྟེན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཕྱིར་གཏོང་བྱེད་པའི་སྣ་འཛོམས་ཚོང་རྫས་ཀྱི་ཟུར་སྣོན་རིན་གོང་དམའ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་ལ་མཚོན་ན། ཇི་ལྟར་རང་ཉིད་ལ་ཡོད་པའི་རང་བྱུང་ཐོན་ཁུངས་ཁྲོད་སྔར་ལས་མང་བའི་ཁེ་ཕན་ལོན་པ་དང་། ཇི་ལྟར་ཁེ་ཕན་དེ་དག་རང་སྟེང་གི་འཕེལ་རྒྱས་ཐད་བཀོལ་བ་ནི་འགྲན་རྩོད་ཆེན་པོ་ཞིག་རེད། དེ་བས་ད་ལོའི་གླེང་སྟེགས་ནས་གཙོ་བོ་རིན་གོང་ལ་དོ་སྣང་བྱེད་བཞིན་ཡོད་ལ། ཞོར་དུ་རིན་གོང་གསལ་བོ་བྱེད་པའི་གྲོས་གཞི་ལའང་དོ་སྣང་བྱེད་བཞིན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཚོགས་ཡུན་ཉིན་གཉིས་ཡིན་པའི་གླེང་སྟེགས་ནས་གྲོས་ཚོགས་ཐེངས་ལྔ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག