མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་འབར་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཟླ3པའི་ཚེས31ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ3པའི་ཚེས30ཡི་ཉིན་འབར་མ་འི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་གློག་འཕྲིན་བཏང་སྟེ། འབར་མ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

འབར་མའི་རོའུ་ཁའེ་པང་ཧྲི་ཡོས་གྲོང་ཁྱེར་ནས་གཟའ་འཁོར་སྔོན་མར་ངོ་རྒོལ་མཁན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་གཞུང་སྒྲུབ་ཁང་གི་མཐའ་བསྐོར་བའི་དོན་རྐྱེན་བྱུང་བ་དང་། དེའི་རྐྱེན་གྱིས་ཕན་ཅི་ཝུན་གྱིས་ཁ་པར་གཏོང་སྐབས་འབར་མ་སྲིད་གཞུང་གིས་འབྲེལ་ཡོད་གྲོས་ཆོད་ལྟར་དུ་མི་སྣ་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ས་དེའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་གཞན་པའི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་ཟེར།

ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། འབར་མའི་བཅོས་བསྒྱུར་འཕེལ་རིམ་ཁྲོད་ནག་ཉེས་བཟོས་ཀྱང་ཆད་པ་མི་གཅོད་པའི་སྣང་ཚུལ་ལ་བཟོད་སྒོམ་བྱེད་མི་རུང་ཟེར། ཁོས་མི་སེར་དཀྱུས་མ་ཚང་མར་སྲུང་སྐྱོབ་བྱེད་པ་དང་ཁྲིམས་སྐྱོར་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་མ་ཟད། འབར་མ་སྲིད་གཞུང་གིས་དོན་དེའི་ཐད་བྱེད་ཐབས་ནུས་ལྡན་སྤྱད་པར་དགའ་བསུ་ཞུས།

འབར་མ་རྒྱལ་ཁབ་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་བྱེད་མགོ་བརྩམས་པ་དང་། ཕན་ཅི་ཝུན་གྱིས་ཞི་བདེ་དང་ཡིད་རྟོན་རུང་བའི་ཐབས་ཀྱིས་སྤེལ་དགོས་པ་ནན་བཤད་བྱས། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འབར་མ་རྒྱལ་ཁབ་ཀྱི་བཅོས་བསྒྱུར་ཐད་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག