མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཁཱ་ཐར་གྱི་མགོ་གཙོ་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་རྒྱལ་ས་ཨན་མན་གྱི་པཱ་སི་མན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་ལ་ཐུག་འཕྲད་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་ཅོར་ཏན་དང་ཁཱ་ཐར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། དབུས་ཤར་གནས་བབ་ཀྱི་འགྱུར་ལྡོག་གསར་བ་སོགས་གནད་དོན་ཐད་ཀྱི་གྲོས་མོལ་བྱས།

ཅོར་ཏན་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་དང་ཐཱ་མུས་མུའུ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་སྤུན་ཟླའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་མངོན་འགྱུར་བྱས་ཏེ་ཨ་རབ་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དང་། ཨ་རབ་དང་ས་ཁུལ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་དང་མཐུན་སྦྱོར་བྱེད་དགོས་པ་ནན་བཤད་བྱས།

ཐཱ་མུས་མུའུ་ཉིན་དེར་ཨན་མན་དུ་འབྱོར་ནས་ཅོར་ཏན་རྒྱལ་ཁབ་ལ་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག