མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཚོད་དཔག་བྱས་ན་གཞི་གྲངས་སྒམ་ཆུང་གི་བརྡ་རྟགས་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ཆད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:49

黑匣子信号预计4月12日消失 1.jpg

ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་རྟེན་གཞི་ནས་ལས་བྱེད་མི་སྣས་ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གི་རྒྱ་མཚོའི་རྒྱ་ཕུབ་རྟགས་ཅན་གྱི་རྒུད་སྐྱོབ་གྲུ་གཟིངས་ཀྱི་སྟེང་དུ་ཆུ་འོག་གི་རིས་འབྲིའི་འཕྲུལ་མི་སྒྲིག་སྦྱོར་བྱེད་བཞིན་པ།

黑匣子信号预计4月12日消失 2.jpg

ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཨ་མེ་རི་ཁའི་མཚོ་དམག་གི་དམག་དཔོན་མཱ་ཞིག་སི་ཡིས་གཞི་གྲངས་སྒམ་ཆུང་གི་གནས་ཡུལ་ཚད་འཇལ་བྱེད་པར་བཀོལ་བའི་དཔྱད་ཆས་ཤིག་བཟུང་ཡོད་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གི་འཐབ་འཛིང་གྲུ་གཟིངས་ཤིག་གིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་གཞི་གྲངས་སྒམ་ཆུང་འཚོལ་ཞིབ་བྱེད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པའི་འགུལ་སྐྱོད་ལ་ཞུགས་རྩིས་བྱས། ཉིན་དེར་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་བདེན་དཔང་བྱས་དོན། ལྷོ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཕོ་སི་ནས་མཐུན་སྦྱོར་ལྟེ་གནས་ཤིག་གསར་དུ་བཙུགས་ཏེ། ཕྱོགས་སོ་སོས་ཨོ་སི་ཁྲུ་ལི་ཡཱའི་ནུབ་ངོས་ཀྱི་མཚོ་ཁོངས་ནས་འཚོལ་ཞིབ་བྱ་བ་སྤེལ་བར་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར། ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གི་དཔོན་རིགས་ཀྱིས་བསྟན་དོན། ཚོད་དཔག་བྱས་ན་མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་གཞི་གྲངས་སྒམ་ཆུང་གི་བརྡ་རྟགས་དེ་ཟླ་བཞི་བའི་ཚེས་བདུན་ཉིན་ནས་ཇེ་སྙོམས་སུ་སོང་ནས་ཚེས་བཅུ་གཉིས་ཉིན་ཆད་རྒྱུ་རེད་ཟེར།

    ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གི་རྒྱ་མཚོའི་རྒྱ་ཕུབ་རྟགས་ཅན་གྱི་གྲུ་གཟིངས་དེ་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་ལམ་དུ་ཆས་པ་དང་། ཚོད་དཔག་བྱས་ན་ཉིན་གསུམ་ནས་བཞི་ཙམ་གྱིས་ཨོ་སི་ཁྲུ་ལི་ཡཱའི་ནུབ་ངོས་ཀྱི་སྤྱི་ལེ་སྟོང་གཅིག་དང་བརྒྱད་བརྒྱ་ལྔ་བཅུའི་མཚམས་སུ་ཡོད་པའི་འཚོལ་ཞིབ་མཚོ་ཁོངས་སུ་བསླེབ་ཐུབ་ཟེར།

    མཚོ་དོན་བདེ་འཇགས་ཅུའུ་ཡིས་བདེན་དཔང་བྱས་དོན། ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བསྡོམས་པས་གྲུ་གཟིངས་བརྒྱད་འཚོལ་ཞིབ་བྱ་བར་ཞུགས་པ་དང་། གཞན་ཡང་ཉིན་དེར་གནམ་གྲུ་བཅུ་མངག་གཏོང་བྱས་ཏེ་འཚོལ་ཞིབ་ལ་ཞུགས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག