མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-31 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་འཇིགས་སྐུལ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་ལ་རྨས་ཕོག ཤི་རྨས་ཐེབས་པའི་མི་མང་ཤོས་ནི་དམག་མི་རེད་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་སྐོར་ཞིག་པཱ་ཀ་ཏཱའི་ནུབ་ངོས་ཀྱི་སྤྱི་ལེ་ལྔ་བཅུའི་མཚམས་སུ་ཡོད་པའི་ཧྥེ་ལུའུ་ཅེ་ཉེ་འདབས་ཀྱི་དམག་དཔུང་གི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཏེ། དམག་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞི་ལ་རྨས་ཕོག དེ་མིན་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་སུ་ཡོད་པའི་མའོ་སུའུ་ཨར་ལྷོ་ཕྱོགས་ས་ཁུལ་ནས་ཀྱང་དྲག་ཆས་མི་སྣ་སྐོར་ཞིག་གིས་དམག་དཔུང་གི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ནས། དམག་མི་བདུན་རྐྱེན་ལམ་དུ་ཤོར་ཟེར།

དེ་ལས་གཞན་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་གྲོང་ཁྱེར་ནས་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཡུག་ཧྥ་ལཱ་ཏིས་གཙང་བོ་འཕྲེད་ཀྱིས་བཅད་པའི་ཟམ་པ་ཞིག་གི་སྟེང་རླངས་འཁོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག འགས་གཏོར་དོན་རྐྱེན་དེ་ལས་ཟམ་པར་གཏོར་བརླག་ཚབས་ཆེན་ཐེབས་པས་གནས་སྐབས་སུ་བེད་སྤྱོད་བྱེད་ཐབས་མེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་དག་ལ་འགན་འཁུར་རྒྱུ་ཁས་ལེན་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག