ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་བྱེད་སའི་ཉེ་འདབས་སུ་སྐོར་གཡེང་བྱེད་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་དགུའི་ཉིན་རྒྱལ་ས་པཱ་པོར་དུ་ཡོད་པའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་བྱེད་སར་འཇབ་རྒོལ་བྱས་པ་དང་། ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་མཁན་གྱིས་བསྟུད་རྒྱག་མེ་མདའ་སོགས་མཚོན་ཆ་བཀོལ་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་གཞུང་སྒྲུབ་བྱེད་སའི་ལས་བྱེད་མི་སྣ་རྣམས་བདེ་འཇགས་ས་ཁུལ་དུ་སྐྱེལ་བཞིན་ཡོད་ཟེར།
ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས།།