མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལའོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-30 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལའོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཁོས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་ལ་དམིགས་ཤིང་མཚོ་སྔོན་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་རྒྱུན་ཆད་མེད་པར་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧའོ་ཕུན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི2014ལོའི་བྱ་བའི་གནད་སར་གྲོས་ཞིབ་བྱས་པ་མ་ཟད། རྩ་དོན་ཐོག་ནས་གྲོས་འཆམ་བྱུང་།

ལའོ་ཧོས་ཉིན་གྱིས་གཏམ་བཤད་སྐབས་བསྟན་དོན། མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ནས་བཟུང་། ང་ཚོས་ཀྲུང་དབྱང་གི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་པ་དང་གནད་དོན་གྱི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ལ་ཡར་སྐུལ་བྱེད་པའི་འཆར་གཞི་ཞིབ་མོ་བཀོད་པས། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བའི་མགོ་ཅུང་བཟང་བོ་ཞིག་བརྩམས། ང་ཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་བྱ་བའི་གནད་ས་ལྟར། གནད་འགག་དམ་དུ་བཟུང་ནས2014ལོའི་བྱ་གཞག་སྣ་ཚོགས་ཏན་ཏིག་སྒོས་བསྒྲུབ་དགོས་ཟེར།

ལའོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཧུར་ཐག་སྒོས་བཅོས་སྒྱུར་བྱེད་པའི་མགོ་ཁྲིད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་ཁུར་བློ་མཐུན་གཙོ་བོས་སྔར་ལས་ལྷག་པའི་ནུས་ཤུགས་བཀོལ་ནས་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་དགོས་པ་དང་གནད་དོན་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཡང་སྙིང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་བཅོས་སྒྱུར་ལ་འཆར་འགོད་དང་བཅོས་སྒྱུར་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་དགོས་ཟེར།

ལའོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། མགོ་ཁྲིད་ཚན་ཆུང་གིས་འོས་འཚམས་སྒོས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་གྲྱབ་འབྲས་ལ་ཚད་འཇལ་བྱས་ནས་དུས་ཐོག་ཏུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྔོན་ཐོན་མིག་དཔེ་དར་སྤེལ་དུ་གཏོང་བ་དང་བཅོས་སྒྱུར་བྱ་བའི་ཁྲོད་ཀྱི་མི་ལེགས་པ་མཚང་འབྱིན་བྱས་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྣང་ཚུལ་ལེགས་པོ་ཞིག་གྲུབ་པར་ཡར་སྐུལ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་སུ་ཞུགས་པ་དང་། ཞིང་ཆེན་ལ་གཏོགས་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་དུ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག