མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུའི་མཛའ་གྲོགས་སྤེལ་རེས་ལོ་འགོ་ཚུགས་པའི་མཛད་སྒོ་ཨུ་རུ་སུའི་ཧྲེང་པི་ཏ་པའོ་རུ་གཉེར་བ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-29 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུའི་མཛའ་གྲོགས་སྤེལ་རེས་ལོ་འགོ་འཛུགས་པའི་མཛད་སྒོ་སྤྱི་ཚེས་28ཉིན་ཨ་རུ་སུའི་ཧྲེང་པི་ཏེ་པའོ་རུ་གཟབ་རྒྱས་ངང་སྤེལ་རེས་ཡོད་པ་རེད།

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ནས་ཆེད་མངགས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བཏང་ཡོད་པ་རེད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། ང་དང་ཙུང་ཐུང་ཕུ་ཅིང་ནས་ཐུན་མོང་ཐོག་ད་ལོ་དང་དུས་སང་ལོ་གཉིས་ནི་ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུའི་མཛ་གྲོགས་སྤེལ་རེས་ཀྱི་ལོར་གཏན་འཁེལ་བྱས་པ་ཡིན། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོ་དང་ཨུ་རུ་སུ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་ལ་སྐུལ་ཁྲིད་བྱ་རྒྱུ་བཅས་ཀྱི་ཆེད་ཡིན། བྱེད་སྒོ་དེ་སྤེལ་བ་དེ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་རྒྱང་རིང་གི་གོང་འཕེལ་ལ་དམིགས་ཏེ་བཟུང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། གཞོན་ནུ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཡིན་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་ཀྲུང་གོ་དང་ཨུ་རུ་སུའུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་གྱི་འབྱུང་འགྱུར་ཡིན། རྒྱལ་ཁབ་གཉིས་པོའི་གཞོན་ནས་དུས་རབས་དང་མཉམ་སྐྱོད་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་རང་ཉིད་ཕུགས་འདུན་ཀྲུང་གོ་དང་ཨུ་རུ་སུའུ་རྒྱལ་ཁབ་གཉིས་པོ་ཐུན་མོང་ཐོག་གོང་འཕེལ་ཡོང་བ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ནང་འདྲེས་ཐུབ་པ་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའུ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་བྱ་གཞག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་ལེགས་སྐྱེད་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཕུ་ཅིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། ཨུ་རུ་སུ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལོ་ཞེས་པ་སོགས་མི་ཆོས་རིག་གནས་ཀྱི་བྱེད་སྒོ་ཆེ་གརྶ་རབ་དང་རིམ་པ་སྤེལ་བ་དེས་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་ཚན་རིག རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་ཡོད་པ་དང་། གཞོན་ནུའི་ལོ་ཞེས་པའི་བྱེད་སྒོ་གཉེར་བ་འདིས་རྒྱལ་ཁབ་གཉིས་པོའ་གཞོན་ནུ་དང་སློབ་གྲ་བའི་འབྲེལ་བ་སྔར་བས་ལེགས་སུ་འགྲོ་རྒྱུ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུ། སྔར་ལས་ལྷག་པའི་ངང་ཨུ་རུ་སུའུ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་མུ་མཐུད་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལའུ་ཡན་ཏུང་དང་ཨུ་རུ་སུའི་ཙུང་ལི་གཞོན་པ་ཀེ་ལོ་ཅེ་ཚེ། དེ་བཞིན་ཀྲུང་གོ་དང་ཨུ་རུ་སུའུ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་དང་གཞོན་ནུའི་འཐུས་མི་བཅས་ཁྱོནམི་༢༠༠༠འགོ་འཛུགས་མཛད་སྒོར་ཞུགས་ཡོད།

ལིའུ་ཡན་ཏུང་དང་ཀེ་ལོ་ཅེ་ཚེ་རྣམ་གཉིས་ནས་མཉམ་དུ་གཞོན་ནུའི་ལོའི་ཕྱོགས་གཉིས་པའོ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་གྲོས་ཚོགས་ལ་ཞུགས་པ་ད་ང། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་གཞོན་ནུའི་ལོ་བྱེད་སྒོ་འཆར་གཞིའི་རྩ་གནད་ལག་བསྟར་བྱེད་རྒྱུའི་མཆན་འགོད་བྱས་པ་དང་སྦྲགས། མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག