ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༢༦ཉིན་པའོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ཀྲོའུ་ཝུན་ཀྲུང་གིས་པའོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སྤྱི་ལོ་༢༠༡༤ལོའི་ལོ་འཁོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ་ད་ལོ་ལོ་འཁོར་གྲོས་ཚོགས་དེ་སྤྱི་ཟླ་༤པའི་ཚེས་༨ཉིན་ནས་ཚེས་༡༡ཉིན་བར་ཧའེ་ནན་པའོ་ཨའོ་དུ་སྐོང་འཚོགས་བྱ་རྒྱུ་རེད་ཅེས་གསུང་པ་རེད།
ད་ལོའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཨེ་ཤ་ཡ་གླིང་གི་འབྱུང་འགྱུར་གསར་པ་སྟེ། གོང་འཕེལ་གྱི་སྒུལ་ཤུགས་གསར་པ་འཚོལ་ཞིབ་དང་གློད་གྲོལ་ཞེས་པ་དེ་ཡིན་ཞིང་། བསྒྱུར་བཅོས་དང་གསར་གཏོད། རྒྱུན་མཐུད་གོང་འཕེལ་བཅས་ཀྱི་གཙོ་གནད་གསུམ་ལ་དམིགས་རྒྱུ་དང་དངོས་གཞིའི་བགྲོ་གླེང་ཐེངས་༥༨སྤེལ་རྒྱུ་ཡིན་པ་རེད། ཀྲོའུ་ཝུན་ཀྲུང་གིས་རྒྱལ་སྤྱིའི་སྒྲིག་འཛུགས་༤༠ལྷག་གི་འགན་འཁུར་མི་སྣ་དང་པུའུ་ཀྲང་རིམ་པའི་དཔོན་རིགས་ལོ་འཁོར་གྲོས་ཚོགས་ཞུགས་རྒྱུ་མ་ཟད་བགྲོ་གླེང་ནང་ཞུགས་རྒྱུ་རེད་ཅེས་གསུང་པ་རེད།