མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཝུའུ་ཁི་ལན་ལ་རོགས་སྐྱོར་མ་དངུལ་འབོར་ཆེན་འདོན་སྤྲོད་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚེས27ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་བར་གྲོས་མཐུན་བཀོད་ཡོད་པ་དང་། ཕྱིན་ཆད་ཀྱི་ལོ་ངོ་གཉིས་ནང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཝུའུ་ཁི་ལན་ལ་སྤྱིའི་འབོར་གྲངས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་ནས་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། མ་འོངས་པའི་ལོ་ངོ་གཉིས་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་ལྷག་གིས་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་འཐུས་ཚབ་ཚོགས་པ་ཞིག་གིས་ཟླ་གསུམ་པའི་ཚེས་བཞི་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་བྱ་བ་སྤེལ་ཏེ། ཝུའུ་ཁི་ལན་གྱི་ད་ལྟའི་དཔལ་འབྱོར་གནས་ཚུལ་ལ་དཔྱད་འཇོག་བྱས། ཚེས་ཉེར་བདུན་ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་གསལ་སྒྲོ་སྤེལ་ཏེ། ཝུའུ་ཁི་ལན་གྱི་ཆེ་མཐོང་དཔལ་འབྱོར་དོ་མཉམ་མིན་པ་ལས་འདས་པའི་ལོ་ངོ་གཅིག་གི་ནང་རྒྱུན་བསྲིངས་དཀའ་བའི་གནས་སུ་ལྷུང་། འགྲོ་སོང་མང་བ་དང་རྒྱལ་སྤྱིའི་དངུལ་བུན་ཚོང་རའི་མ་དངུལ་བེད་སྤྱོད་བྱེད་པའི་ནུས་པར་ཚད་ཡོད་པའི་གནས་ཚུལ་འོག རྒྱལ་སྤྱིའི་གསོག་ཚད་ཉིས་སྟོང་བཅུ་བཞི་ལོའི་ལོ་མགོར་ཟླ་ངོ་གཉིས་ཀྱི་ནང་འདྲེན་གྱི་ཆེས་དམའ་བའི་ཆུ་ཚད་དུ་བསླེབ་ཡོད། ཉིས་སྟོང་བཅུ་གསུམ་ལོའི་ནོར་སྲིད་འགྲོ་སོང་རྒྱལ་དམངས་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་བཞི་དང་གྲངས་ལྔ་ཡིན་པ་དང་། སྲིད་གཞུང་གིས་འགྲོ་སོང་མང་བོ་ཆད་ལ་བཞག་ཡོད་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དཔོན་རིགས་ཀྱིས་བཤད་རྒྱུར། གྲོས་མཐུན་དེར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དོ་དམ་རིམ་པ་དང་ལག་བསྟར་ཏུང་ཧྲི་ཚོགས་པས་ཆོག་མཆན་འགོད་དགོས་པ་དང་། ཚོད་དཔག་བྱས་ན་ལག་བསྟར་ཏུང་ཧྲི་ཚོགས་པས་ཟླ་བཞི་བར་དོན་དེར་གྲོས་བསྡུར་བྱེད་སྲིད་ཀྱང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་དཔལ་འབྱོར་བརྟན་འཇགས་ཡོང་བ་དང་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བར་ཆ་རྐྱེན་བསྐྲུན་དགོས་ཟེར།

གྲོས་མཐུན་ལྟར་ན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་རོགས་སྐྱོར་འདོན་སྤྲོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཝུའུ་ཁི་ལན་སྲིད་གཞུང་གིས་དཔལ་འབྱོར་སྲིད་ཇུས་རབ་དང་རིམ་པར་བཅོས་བསྒྱུར་བྱེད་དགོས་པ་དེ་རེད། དེའི་ནང་དངུལ་ལོར་དང་དངུལ་ལོར་སྡེ་ཁག ནོར་སྲིད་སྲིད་ཇུས། ནུས་ཁུངས་སྡེ་ཁག དེ་མིན་བཅོས་སྐྱོང་དང་། ཚོང་ལས་སྣང་ཚུལ་སོགས་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་འདུས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག