མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

2014ལོའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ཚོགས་ཆེན་ཚེས་ཉེར་བདུན་ཉིན་ཝ་ཧྲིན་ཏོན་ནས་ཚོགས་མགོ་བརྩམས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་གྲོང་ཁྱེར་གྱི་ལས་གཞི་ལག་བསྟར་བྱས་ནས་ལོ་ངོ་སོ་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

བྱ་འགུལ་གཙོ་སྒྲུབ་བྱེད་མཁན་ཏེ་ཨ་མེ་རི་ཁའི་རྒྱལ་སྤྱིའི་ལྕམ་སྲིང་གྲོང་ཁྱེར་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་བལྟས་ན་བརྟན་འཇགས་དང་ཞི་བདེ། དར་རྒྱས་བཅས་ལྡན་པའི་ཀྲུང་གོ་དེ་ཀྲུང་གོའི་མི་དམངས་ལ་ཕན་ཐོགས་ཡོད་པར་མ་ཟད། ཨ་མེ་རི་ཁ་དང་འཛམ་གླིང་ཡོངས་ལའང་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་སློབ་གསོ། དཔལ་འབྱོར་བཅས་ཀྱི་བརྗེ་རེས་བྱ་འགུལ་ལ་བརྟེན་ནས་གོ་སྐབས་འདོན་སྤྲོད་བྱེད་པ་དང་། ཨ་མེ་རི་ཁའི་རྒྱལ་སྤྱིའི་ལྕམ་སྲིང་གྲོང་ཁྱེར་མཐུན་ཚོགས་ལྟ་བུའི་རྩ་འཛུགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཞིས་ཁུལ་འཕེལ་རྒྱས་ཐད་རམ་འདེགས་ཀྱི་ནུས་པ་ཐོན་བཞིན་ཡོད་ལ། དེ་ལྟར་འབད་བརྩོན་བྱས་པས་ང་ཚོར་དམངས་ཁྲོད་ཕྱི་འབྲེལ་གྱི་སྟོབས་ཤུགས་ཤེས་སུ་བཅུག་པ་དང་། དགོས་གལ་ཆེ་བའི་འགྲན་རྩོད་ཐག་གཅོད་བྱས་ཏེ་མི་ཀུན་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་ཐུབ་ཟེར།

ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཚོགས་ཐོག་ནས་གསར་སྐྲུན་བརྗེ་རེས་དང་ལས་གཞི། ནུས་ཁུངས། རྒྱུན་མཐུད་འཕེལ་རྒྱས་ལས་གཞི། གཞིས་ཁུལ་ཟབ་ཞུགས་ལས་གཞི། གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་སོགས་གྲོས་གཞིའི་ཐད་ནས་ཆེད་དོན་གྲོས་བསྡུར་བྱས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་ཞིང་ཆེན་དང་ཁུལ་གྱི་མཛའ་མཐུན་གྲོང་ཁྱེར་ཆ་འགྲིག་སོ་བཞི་དང་མི་སྒེར་བཞི་ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བརྗེ་རེས་ཀྱི་དཔེ་སྟོན་ལྟ་བུར་བྱས་ཏེ་བྱ་དགའ་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག