མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གྲོས་མཐུན་བཀོད་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་ཤོག་བརྒྱ་འཐད་པ་བྱུང་བ་དང་། འདེམ་ཤོག་བཅུ་གཅིག་གིས་ངོ་རྒོལ་བྱེད་པ། འདེམ་ཤོག་ངོ་བརྒྱད་ཀྱིས་དབང་ཆ་བསྐྱུར་བའི་བརྡས་གཅོད་མཇུག་འབྲས་ཀྱིས་གྲོས་མཐུན་བཀོད་དེ། ཝུའུ་ཁི་ལན་གྱི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཞོར་དུ་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་ལ་ངོ་རྒོལ་བྱས།

ཟླ3པའི་ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་ཤོག་བརྒྱ་འཐད་པ་བྱུང་བ་དང་། འདེམ་ཤོག་བཅུ་གཅིག་གིས་ངོ་རྒོལ་བྱེད་པ། འདེམ་ཤོག་ངོ་བརྒྱད་ཀྱིས་དབང་ཆ་བསྐྱུར་བའི་བརྡས་གཅོད་མཇུག་འབྲས་ཀྱིས་གྲོས་མཐུན་བཀོད་དེ། ཝུའུ་ཁི་ལན་གྱི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཞོར་དུ་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་ལ་ངོ་རྒོལ་བྱས།

ཁ་ཡིག་ལ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཞེས་པའི་གྲོས་ཆོས་འཆར་ཟིན་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་གཉིས་པ་སྟེ་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དྲག་ཤུགས་འཇིགས་སྐུལ་ལ་བརྟེན་ནས་རྒྱལ་ཁབ་གང་རུང་གི་མངའ་ཁོངས་ཆ་ཚང་ཡོང་བ་དང་ཆབ་སྲིད་སྒེར་ཚུགས་ལ་གནོད་སྐྱེལ་མི་རུང་བ་དང་། ཞི་བའི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པའི་འོས་འགན་ཡོད་པ་བསྐྱར་སྒྲོག་བྱས།

གྲོས་ཆོད་ལས་ནན་གྱིས་བསྟན་དོན། ངེས་པར་དུ་ཝུའུ་ཁི་ལན་ནས་སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་མཚོན་པ་དང་ཝུའུ་ཁི་ལན་གྱི་ས་ཁུལ་སོ་སོའི་འཐུས་མི་ཟབ་ཞུགས་བྱེད་པའི་ཆབ་སྲིད་གྲོས་མོལ་སྤེལ་ཏེ། ཕྱོགས་སོ་སོས་མྱུར་དུ་ཐད་ཀར་གྱི་ཆབ་སྲིད་གྲོས་མོལ་བྱས་ནས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་གཏོང་དགོས་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཅེ་ཞི་ཁྲ་ཉིན་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ལ་གྲོས་ཆོད་འཆར་ཟིན་དེ་མཚམས་སྦྱོར་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨུ་རུ་སི་རྒྱལ་ཁབ་ལ་སྐྱོན་འཛུགས་བྱས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་གྱིས་དེའི་རྗེས་སུ་གཏམ་བཤད་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། འཆར་ཟིན་དེར་བརྡས་གཅོད་བྱེད་པའི་དགོས་པ་ཅི་ཡང་མེད་པ་དང་། ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་མཇུག་འབྲས་ནི་ས་དེའི་མང་ཚོགས་ཀྱི་རང་དབང་གདམ་གསེས་ཡིན་ཟེར།

ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། གྲོས་ཆོད་དེའི་སྣེ་ཁྲིད་མཁན་ཁཱ་ནཱ་ཏཱ་སོགས་འབྲེལ་ཡོད་ཕྱོགས་སོ་སོས་རང་རང་གི་ལངས་ཕྱོགས་རྒྱས་བཤད་བྱས། འཐུས་མི་བཅུ་ཕྲག་ལྷག་གིས་གཏམ་བཤད་སྤེལ་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྲི་ཡིས་བརྡས་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཁབ་སོ་སོའི་འཐུས་མིས་བརྙན་རིས་ངོས་ཀྱི་བརྡས་གཅོད་མཇུག་འབྲས་ལ་དོ་སྣང་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་གྱིས་ཡིད་འཐད་མིན་པའི་འདེམ་ཤོག་འཕང་རྗེས་མྱུར་མོར་ཚོགས་ར་ནས་ཕྱིར་བུད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག