མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་པའོ་སི་རུ་མཉམ་འབྲེལ་བྱ་བའི་ཚན་ཆུང་མངག་གཏོང་བྱས་ཏེ་འཚོལ་ཞིབ་ལ་རོགས་འདེགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-28 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་ཚེས27ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་རུ་མཉམ་འབྲེལ་བྱ་བའི་ཚན་ཆུང་མངག་གཏོང་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བྱ་བའི་ཚན་ཆུང་དེ་མཱ་ལེ་ཞི་ཡཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་དང་། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟི། མཚོ་དམག མཁའ་དམག་བཅས་ཀྱིས་གྲུབ་པ་ཡིན་ཞིང་། བྱ་བའི་ཚན་ཆུང་གིས་པའོ་སི་རུ་བཙུགས་ཡོད་པའི་མཉམ་འབྲེལ་འཚོལ་ཞིབ་ལྟེ་གནས་དང་གཞོགས་འདེགས་དམ་པོ་བྱས་ཏེ། འཚོལ་ཞིབ་བྱ་བར་རོགས་རམ་བྱེད་རྒྱུ་རེད། དེ་ལས་གཞན་ཚེས་ཉེར་བདུན་ཉིན་ནམ་ཟླའི་དབང་གིས་འཚོལ་ཞིབ་བྱ་བ་གནས་སྐབས་སུ་མཚམས་མི་འཇོག་ཀ་མེད་བྱུང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཆར་གཞི་ལྟར་དུ་ཚེས་ཉེར་བདུན་ཉིན་གྱི་འཚོལ་ཞིབ་བྱ་བ་སྔར་བཞིན་ཤར་ནུབ་གཉིས་སུ་དགར་ནས་སྤེལ་བ་དང་། དེའི་ཁྱབ་ཁོངས་ལ་དེའི་སྔོན་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་ཡིན་པར་དོགས་པའི་དངོས་པོ་རྙེད་སའི་མཚོ་ཁོངས་ཀྱང་འདུས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་བསྡོམས་པས་གནམ་གྲུ་དགུ་དང་གྲུ་གཟིངས་དྲུག་འཚོལ་ཞིབ་བྱ་བར་ཞུགས་པ་རེད། ཡིན་ན་ཡང་ནམ་ཟླའི་དབང་གིས་ཨོ་སི་ཁྲུ་ལི་ཡཱའི་མཚོ་དོན་བདེ་འཇགས་ཅུའུ་ཡིས་ཉིན་དེའི་འཚོལ་ཞིབ་བྱ་བ་དེ་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག