མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཚེས་ཉེར་ལྔ་ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།

ནཱ་ཅི་པུའུ་ཡིས་བསྟན་དོན། མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་མ་འོངས་པའི་གཟའ་འཁོར་འགའ་དང་ཟླ་ངོ་འགའི་ནང་། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་དང་དངོས་རྫས་སོགས་རྙེད་ནས་འགྲུལ་སྐྱེལ་གནམ་གྲུ་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་ལྷུང་བ་ཁས་ལེན་ཐོབ་རག་བར་དུ་མུ་མཐུད་དུ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག