མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་གླེང་སྟེགས་མན་ཀུའུ་ནས་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་གླེང་སྟེགས་ཉེ་སྔོན་མན་ཀུའུ་ནས་སྤེལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། ཀྲུང་གོའི་སྨྱན་བྱད་འཐུས་མི། གཞུང་ཚབ་ཆེན་མོའི་དཔོན་རིགས་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས། ཐེ་གོ་དང་ཀྲུང་གོའི་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐཱ་ཕཱ་ལན་ཞི་དང་ཐེ་གོ་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཀིན་ཞན་སོགས་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།

གླེང་སྟེགས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་གནས་ཚུལ་འོག་ས་ཁོངས་ཀྱི་སྨྱན་བྱད་དག་གི་འགན་འཁྲི་དང་ལས་འགན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་སྨྱན་བྱད་ཀྱིས་ཇི་ལྟར་གནས་བབ་གསར་བའི་འོག་སྔར་ལས་མཐུན་སྦྱོར་དང་འབྲེལ་འདྲིས། མཉམ་ལས་བཅས་ལ་ཤུགས་སྣོན་པ། དེ་མིན་སྔར་ལས་མང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་ལེན་པ་སོགས་གནད་དོན་ཐད་ནས་གྲོས་མོལ་གང་ལེགས་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་།

ཐེངས་འདིའི་གླེང་སྟེགས་ནི་ཐེ་གོའི་རྒྱལ་ཁབ་འཕེལ་རྒྱས་དོ་དམ་སློབ་གླིང་དང་ཐེ་གོའི་དར་སྲོལ་ཞེས་པའི་དུས་དེབས་ཁང་། ཐེ་གོའི་རྒྱལ་བོའི་བཙུན་མོ་སུའུ་ནན་ཐཱའི་སློབ་ཆེན་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག