མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ནུས་ཁུངས་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ།

རྩོམ་པ་པོ། རྡེབ་ཚད། 1 ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-27 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཚེས་ཉེར་དྲུག་ཉིན་པུའུ་ལུའུ་སེར་ནས་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་ཚོགས་གྲོལ་རྗེས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། ལས་ཞུགས་དང་ནུས་ཁུངས་ཉོ་ཚོང་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་ལོན་པར་རེ་བས་ཁེངས་ཡོད་པ་ཁྱབ་སྒྲོག་བྱས།

ཡོ་རོབ་གླིང་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་བསྡུར་ཞིབ་མོ་བྱས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་བསྟན་དོན། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་ཁེ་ཕན་ཐོབ་པའི་ཚོགས་ཁག་ནི་ཀུང་ཟི་ཆེན་པོ་རེ་འགའ་མ་ཡིན་པར་རྒྱ་ཆེ་བའི་ཁེ་ལས་ཆུང་འབྲིང་དང་། དེ་མིན་ཡོང་འབབ་འབྲིང་ཅན་དང་ཡོང་འབབ་དམའ་བའི་ཚོགས་ཁག་གི་ཁེ་ཕན་ལ་འབྲེལ་བ་ཡོད། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ལས་གཞན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པར་ཡང་དེ་ལས་ཁེ་ཕན་ཐོབ་ཐུབ་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སྐོར་ཐེངས་བཞི་བའི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཡར་སྐུལ་བྱས་ཏེ། གྲོས་ཆོད་དེས་ཀུང་ཟི་ཆེན་མོ་དང་སྡེ་ཚོགས་ཀྱི་ཁེ་ཕན་ཐོབ་པའི་ཞོར་དུ་འཛད་སྤྱོད་མཁན་གྱི་ཁེ་དབང་ལ་གཏོར་བརླག་ཐེབས་སུ་འཇུག་མི་སྲིད་པའི་ཁས་ལེན་བྱས། ཁོས་བཤད་རྒྱུར། གལ་ཏེ་གྲོས་ཆོད་དེས་འཛད་སྤྱོད་མཁན་དང་ཁོར་ཡུག་གི་སྲུང་སྐྱོབ་ཚད་གཞི་ཇེ་དམའ་རུ་བཏང་ནས་ཁོས་གྲོས་ཆོད་དེར་མིང་འགོད་མི་སྲིད་ཟེར།

དེ་ལས་གཞན་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཁག་གཉིས་ཀྱིས་དཔལ་འབྱོར་ཁྱབ་ཁོངས་ནས་གཙོ་བོ་ནུས་ཁུངས་ཉོ་ཚོང་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་སྒེར་གཉེར་ཁེ་ལས་ལ་ཚོང་རའི་ཆོག་མཆན་དཔང་ཡིག་མང་དུ་བྱིན་ནས་ཨ་མེ་རི་ཁའི་གཡའ་རླངས་ཡོ་རོབ་གླིང་གི་ཚོང་རར་ཕྱིར་གཏོང་བྱེད་པར་ཡར་སྐུལ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་ཚད་ཇེ་ཆུང་དུ་གཏོང་བར་གྲོས་བསྡུར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག