མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་ཁག་གིས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ལྷོ་ཧིན་རྡུ་རྒྱ་མཚོར་ས་ཐོག་དང་འབྲེལ་བ་ཆད་པའི་གནམ་གྲུ་འཚོལ་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་གི་ལས་ཚབ་ཤི་ཧྲ་མུ་ཏིང་གིས་སྤྱི་ཚེས་24ཉིནགྱི་གསར་འགོད་པའི་ཚོགས་འདུའི་ཐོག དབྱིན་ཇིའི་རྟག་དཔྱད་ལས་ཁུངས་ཀྱིས་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ལྷོ་ཧིན་རྡུ་རྒྱ་མཚོར་འཕུར་མཇུག་སྒྲིལ་བའི་བརྡར་ཤ་བཅད་རྗེས་མ་ལེ་ཞི་ཡ་ཕྱོགས་ཀྱིས་འཚོལ་སྐྱོབ་ཁྱབ་ཁོངས་དེ་བས་ཆུང་དུ་བཏང་བ་དང་བྱང་ངོས་བར་འཁྱམས་སུ་འཚོལ་སྐྱོབ་བྱེད་པའི་ལས་དོན་སྤེལ་མཚམས་བཞག་ནས་ལྷོ་ངོས་བར་འཁྱམས་ཀྱི་ལྷོ་ཕྱོགས་ནས་ཧེའི་ལི་ངོས་སྙོམས་གྲུ་བཞི་མ་ཁྲི46.9ཟིན་པའི་ས་ཁོངས་སུ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད་ཅེས་བཤད་འདུག

འབྲེལ་ཡོད་འཚོལ་སྐྱོབ་ས་ཁོངས་ཀྱི་གནམ་གཤིས་ཞན་པའི་དབང་གིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ནས་སྤྱི་ཚེས་༢༥ཉིན་མཁའ་དབྱིངས་དང་མཚོ་ཁོངས་སུ་འཚོལ་སྐྱོབ་བྱེད་མཚམས་བཞག་ཡོད་པ་དང་སྤྱི་ཚེས་26ཉིན་ལྷོ་ཧིན་རྡུ་རྒྱ་མཚོར་འཚོལ་སྐྱོབ་བྱེད་པའི་བྱ་སྤྱོད་སླར་གསོ་བྱས་པ་རེད། ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཅུས་ཀྱིས་སྤྱི་ཚེས་26ཉིན་གནམ་གྲུ་12འཚོལ་སྐྱོབ་ནང་ཞུགས་རྒྱུ་ཡིན་པ་དང་དེའི་ནང་དམག་སྤྱོད་གནམ་གྲུ་7དང་དམངས་སྤྱོད་གནམ་གྲུ་5ཡོད་པ་རེད་ཅེས་བཤད་འདུག

ཨོ་སི་ཁྲུ་ལི་ཡའི་མཚོ་དོན་བདེ་འཇགས་ཅུས་ཀྱིས་རྒྱ་གར་གིས་འཚོལ་སྐྱོབ་ལས་དོན་ནང་ཞུགས་འདོད་ཡོད་པའི་རྣམ་པ་བསྟན་ཡོད་པས་ལྷོ་ཧིན་རྡུ་རྒྱ་མཚོར་འཚོལ་སྐྱོབ་ནང་ཞུགས་མཁན་རྒྱལ་ཁབ་6ནས་7བར་མང་དུ་ཕྱིན་ཡོད་ཅིང་དེའི་གོང་ལ་ཨོ་སི་ཁྲུ་ལི་ཡ་དང་ཉིའུ་ཙེ་ལན། ཨ་རི། ཀྲུང་གོ ལྗར་པན། ལྷོ་ཁོ་རི་ཡ་བཅས་རྒྱལ་ཁབ་6འཚོལ་སྐྱོབ་ནང་ཞུགས་ཡོད་ཅེས་བཤད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་གཞོན་པ་བན་ལོ་ཚེས་སྤྱི་ཚེས་24ཉིན། ཨ་རི་ཕྱོགས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ལྷོ་ངོས་བར་འཁྱམས་སུ་མུ་མཐུད་ནས་མ་ལེ་ཞི་ཡའི་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་བཞིན་ཡོད་པ་དང་མིག་སྔར་ས་ཐོག་དང་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུའི་ནང་གི་མི་སྣའི་ལས་དབང་ཁེར་རྐྱང་ཐོག་ནས་ར་སྤྲོད་བྱེད་ཐབས་བྲལ་ཡོད་ཅེས་བཤད་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག