མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ཨ་རིར་ཀྲུང་གོར་ལྐོག་ཉན་དང་ལྟ་ཚོད། གསང་བ་བརྐུ་འཁྱེར་བྱེད་པའི་གནས་ཚུལ་ཐད་འགྲེལ་བཤད་གསལ་པོ་རྒྱག་དགོས་པའི་བླང་བྱ་བཏོན་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས་24ཉིན་པེ་ཅིང་དུ་ཀྲུང་གོའི་ཕྱོགས་ནས་ཨ་རིའི་ཕྱོགས་ལ་ཀྲུང་གོར་ལྐོག་ཉན་དང་ལྟ་ཚོད། གསང་བ་བརྐུ་འཁྱེར་བྱེད་པའི་གནས་ཚུལ་ཐད་འབྲེལ་གཏུག་བྱས་ཏེ། ཨ་རིའི་ཕྱོགས་ནས་དེའི་ཐད་འགྲེལ་བཤད་གསལ་པོ་རྒྱག་དགོས་པ་དང་བྱ་སྤྱོད་དེ་རིགས་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་པ་ཡིན་ཞེས་གསུང་ཡོད་པ་རེད།

ཕྱི་རྒྱལ་གྱི་མཚམས་སྦྱོར་ལས་རིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཉེ་བའི་ལོ་ཤས་ནང་ཧྭ་ཝེ་ཀུང་སིར་གཞི་ཁྱོན་ཆེན་པོས་དྲ་ཐོག་གི་ལྟ་ཚོད་དང་གསང་བ་བརྐུ་འཁྱེར་གྱི་བྱེད་སྒོ་སྤེལ་ཡོད་ཅིང་། དམིགས་འབེན་གྱི་གྲས་སུ་ད་དུང་ཀྲུང་གོའི་འགོ་ཁྲིད་ཟུར་པ་དང་ཕྱི་འབྲེལ། ཚོང་དོན་སོགས་སྡེ་ཁག་དང་། དེ་བཞིན་དངུལ་ཁང་ཚུད་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག