མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་ཁེ་ལན་གྲོས་ཚོགས་ཁང་གིས་རྒྱལ་སྲུང་པུའུ་ཀྲང་གི་ལས་ཚབ་པུའུ་ཀྲང་བསྐོ་བཞག་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་ཁེ་ལན་གྲོས་ཚོགས་ཁང་གིས་སྤྱི་ཚེས་25ཉིན་རྒྱལ་སྲུང་པུའུ་ཀྲང་གི་ལས་ཚབ་ཅེ་ཉིའུ་ཁེའི་འགན་གནས་དགོངས་ཞུའི་ཡི་གེ་དང་ལེན་ཞུས་པ་མ་ཟད་ལོ་58ཡིན་པའི་ཧྲང་ཅང་དམག་དཔོན་ཁེ་ཝ་ལི་རྒྱལ་སྲུང་པུའུ་ཀྲང་གི་ལས་ཚབ་གསར་པར་བསྐོ་བཞག་བྱས་པ་རེད།

ཁེ་ཝ་ལི་བསྐོ་བཞག་བྱས་རྗེས་ཨུ་ཁེ་ལན་གྱིས་ཁེ་ལི་མི་ཡ་ནས་རང་ཉིད་ཀྱི་དམག་དཔུང་ཡོངས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཨུ་ཁེ་ལན་གྱི་དམག་མི་2000དང་ཁོང་ཚོའི་ཁྱིམ་མི་ཚོ་ཁེ་ལེ་མི་ཡ་ནས་ཕྱིར་འཐེན་བྱེད་རྒྱུ་སྒུག་བསྡད་ཡོད་པ་རེད།

ཉིན་དེ་རང་ལ་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་མགྲིན་ཚབ་པ་ཕི་སི་ཁེ་ཧྥུས་གསར་འགྱུར་ཚན་པར། ཨུ་རུ་སུའི་དམག་དཔུང་ཨུ་རུ་སུའི་མཐའ་མཚམས་སུ་བསྡུ་རུབ་བྱས་པ་ཟེར་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤོད་སྟངས་དོན་དངོས་དང་མཐུན་མེད་ཅེས་བཤད་འདུག

རྒྱལ་ཁབ་བརྒྱད་ཚོགས་པའི་གནད་དོན་སྐོར་གླེང་སྐབས། ཕི་སི་ཁེ་ཧྥུས་ཨུ་རུ་སུ་ཕྱོགས་ནས་མུ་མཐུད་དེ་ཨུ་རུ་སུ་དང་མཉམ་དུ་བྱ་བ་བསྒྲུབ་འདོད་བྱེད་མཁན་ཁོངས་གཏོགས་རྒྱལ་ཁབ་དང་གཉིས་ཕན་མཉམ་ལས་བྱེད་རྒྱུ་རེད། གལ་ཏེ་རྒྱལ་ཁབ་གཞན་དག་མུ་མཐུད་སྐད་ཆ་ཤོད་རེས་བྱེད་འདོད་མེད་ཚེ་ཨུ་རུ་སུ་ཕྱོགས་ནས་དེ་ཕྱོགས་གཉིས་པོར་ཕན་པ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག