མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་གྲོས་ཚོགས་ཀྱི་མཐོ་རིམ་གླེང་མོལ་བྱས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་གྲོས་ཚོགས་མནའ་འབྲེལ་གྱི་མཐོ་རིམ་མི་སྣས་སྤྱི་ཚེས24ཉིན་ཧྲའུ་ཨར་དུ་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་ལྗར་པན་དམག་གི་སེམས་གསོ་མའི་གནད་དོན་ཐག་གཅོད་བྱ་ཐབས་འཚོལ་ཞིབ་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་རེད། ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་གྲོས་ཚོགས་མནའ་འབྲེལ་གྱི་ལས་འཛིན་དཔོན། ལྗར་པན་རང་དབང་དམངས་གཙོ་ཏང་གི་འདེམས་བསྐོའི་བྱ་ཐབས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཧོ་ཚུན་ཅན་ཧྥུས། ལྷོ་ཁོ་རེ་ཡ་དང་ལྗར་པན་ཕྱོགས་གཉིས་པོས་ཚུན་ཧྲན་གླེང་མོལ་དང་ཧོ་ཡེའི་གླེང་མོལ་རྨང་གཞིར་བྱས་ནས་ཐུན་མོང་ཐོག་མ་འོངས་པ་གཏོད་དགོས་ངེས་ཡིན་ཞེས་གསུངས་པ་དང་། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་གྱིས་གླེང་མོལ་གྱི་སྙིང་སྟོབས་རྒྱུན་བྱ་རྒྱུ་ཡིན་ལ། བཤད་སྟངས་དེ་ནི་ཡོངས་སུ་ཡང་དག་པ་ཞིག་རེད་ཅེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག