མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་མཉམ་འབྲེལ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པ་འཚོགས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-26 11:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པ་སྤྱི་ཚེས་25ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཀ་ཏར་གནས་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་རུ་འཚོགས་པ་དང་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ནང་གི་དངོས་གྲུབ་མཉམ་ལས་ལ་ཕྱིར་དྲན་བྱས་པ་མ་ཟད་གོམ་སྟབས་རྗེས་མའི་མཉམ་ལས་འཆར་གཞིར་གྲོས་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཕྱོགས་ཀྱི་འཐུས་མིར་རང་སོའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་གོང་འཕེལ་འགྲོ་ཚུལ་ངོ་སྤྲོད་བྱས་པ་དང་འདས་ཟིན་པའི་ལོ་གཅིག་ནང་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་ནང་དངོས་སྒྲུབ་མཉམ་ལས་བྱས་པའི་འཕེལ་ཚུལ་ལ་ཕྱིར་དྲན་བྱས་པ་མ་ཟད་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་16པའི་ཐོག་འདོན་རྒྱུའི་གྲོས་འགོ་དོན་འཁྱོལ་བྱེད་ཚུལ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རིག་གནས་སྤེལ་རེས་ལོ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་བསམ་མཛོད་དྲ་སྦྲེལ་སོགས་ཞིབ་ཕྲའི་གྲོས་གཞི་བཅས་ཀྱི་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག