མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཨུ་རུ་སི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ལས་ཕྱིར་ཕུད་ནས་ཨུ་རུ་སིའི་བར་གྱི་དམག་དོན་མཉམ་ལས་མཚམས་འཇོག་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

美国会建议将俄逐出八国集团 终止与其军事合作.jpg

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་བླངས་པའི་པར་འདི་ནི་ཁི་ལི་མུས་ཡཱའི་སེ་ཝ་སི་ཐའོ་པའོ་ཨར་དུ་འགྲོ་སའི་གཞུང་ལམ་གཙོ་བོའི་འགྲམ་དུ་ཡོད་པའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་གྱི་དྲིལ་སྒྲོག་བརྡ་ཁྱབ་ཡིན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་གྲོས་ཆོད་བཀོད་དེ། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ནས་རང་སྣང་གང་ཤར་བྱེད་པའི་བྱ་འགུལ་ལ་རྒོལ་གཏམ་བཏང་བ་དང་། ཕོ་བྲང་དཀར་པོས་ཨུ་རུ་སི་རྒྱལ་ཁབ་དེ་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ལས་ཕྱིར་ཕུད་དེ་ལམ་ཡིག་དང་དཔལ་འབྱོར་ཐད་ཀྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་ཆོད་ལ་གྲོས་འདོན་གྱི་ཁྱད་ཆོས་ལྡན་ཞིང་། བསྡོམས་པས་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་མི་བཞི་བརྒྱ་དང་གཉིས་ཀྱིས་འདེམ་ཤོག་འཕང་སྟེ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། མི་བདུན་གྱིས་ངོ་རྒོལ་བྱེད་པའི་ཚུལ་བསྟན། དམངས་གྲོས་ཁང་གི་གྲོས་མིས་ཁི་ལི་མུས་ཡཱ་དང་ཝུའུ་ཁི་ལན་གྱི་ས་ཁུལ་གཞན་པར་ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་མངག་གཏོང་བྱེད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྱི་དམག་དོན་སྒྲིག་ཆས་ཀྱི་ཕྱིར་འཚོང་དང་བཅས་པའི་དམག་དོན་མཉམ་ལས་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་ཟེར།

    ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་མིས་བལྟས་ན། ཕོ་བྲང་དཀར་པོས་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་ཨུ་རུ་སིའི་མཐོ་རིམ་དཔོན་པོ་དང་། རྒྱལ་དབང་དངུལ་ཁང་། ཚོང་ལས་རྩ་འཛུགས། རྒྱལ་ཁབ་ཀྱི་ཚབ་ཏུ་སྒྲུབ་པའི་ལམ་ཡིག་དང་དངུལ་ལོར། ཉོ་ཚོང་སོགས་ཀྱི་ཕྱོགས་ལ་བཀག་སྡོམ་བྱེད་དགོས་པར་འདོད།

    གྲོས་ཆོད་ལས་ད་རུང་ཝུའུ་ཁི་ལན་སྲིད་གཞུང་ལ་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱེད་རྒྱུ་དང་། ཁོ་ཚོས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་གཞན་དབང་གི་སྣང་ཚུལ་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

    དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་གྲོས་ཞུགས་ཁང་གི་གྲོས་ཆོད་ལས་ད་རུང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོར་ཨུ་རུ་སི་རྒྱལ་ཁབ་ནས་སྤེལ་རྒྱུ་ཡིན་པའི་འཛམ་གླིང་རྟགས་མའི་འགྲན་བསྡུར་གྱི་ཆོད་དོན་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་།

    ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དེའི་སྔོན་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བབ་དབང་གིས་སྤྱོད་སྲིད་པའི་བཀག་སྡོམ་བྱེད་ཐབས་དེས་ཕྱོགས་གཉི་གར་གྱོང་རེག་ཏུ་འཇུག་སྲིད་པ་དང་། རྒྱུ་མཚན་ནི་དེང་སྐབས་ཀྱི་འཛམ་གླིང་གི་ཡོད་ཚད་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པས་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག