མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་དང་འཇར་མན་གྱི་ཙུང་ལི་ཡིས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་གཞན་དབང་གི་སྣང་ཚུལ་བསྒྱུར་བའི་གནད་དོན་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས་བཅུ་གཉིསི་ཉིན་ཧྭ་ཧྲ་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་གཞན་དབང་གི་སྣང་ཚུལ་བསྒྱུར་བའི་གནད་དོན་ལ་གྲོས་བསྡུར་བྱས།

ཐུའུ་སི་ཁི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཐོག་མར་ཨུ་རུ་སིའི་རང་བྱུང་སོལ་རླངས་ལ་བརྟེན་པ་དང་མ་དངུལ་ནས་བྱུང་བའི་ཆབ་སྲིད་ཀྱི་ཉེན་ཁར་གྲོས་བསྡུར་བྱས། ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གཞིགས་ཏེ་ཡོ་རོབ་གླིང་གི་ཐུན་མོང་ནུས་ཁུངས་ཚོང་རའི་གནད་དོན་ལ་གྲོས་བསྡུར་བྱེད་པར་གལ་འགངས་ཧ་ཅང་ཆེ་ལ། ཁོ་དང་མའོ་ཁི་ཨར་གཉིས་ཀྱིས་བྱེད་ཐབས་གང་འདྲ་ལ་བརྟེན་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་འཕེལ་རྒྱས་འཆར་གཞི་བཟོ་བཅོས་བྱེད་པ་དང་། ཁྱད་པར་དུ་ཤར་ཕྱོགས་ས་ཁུལ་གྱི་ནུས་ཁུངས་འཕེལ་རྒྱས་ཐད་ནས་གྲོས་བསྡུར་བྱས་ཟེར།

ཐུའུ་སི་ཁི་ཡིས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་དཔལ་འབྱོར་འགྲོ་འོང་སྔར་ལས་སྣ་མང་ཅན་དུ་འགྱུར་ཡོད་ལ། ཁྱད་པར་དུ་ནུས་ཁུངས་ཐད་ནས་དེ་འདྲ་ཡིན་སྟབས། ཡོ་རོབ་གླིང་མནའ་འབྲེལ་དེ་ཚོགས་ཁག་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཨུ་རུ་སིའི་བར་གྲོས་མོལ་བྱས་ན་ཕན་ཐོགས་སྔར་ལས་ཆེན་པོ་ཡོད་པར་འདོད། ཁོས་ད་རུང་ཕོ་ལན་དང་འཇར་མན་བར་ཝུའུ་ཁི་ལན་གནད་དོན་ཐད་ནས་མཉམ་ལས་ཟབ་མོ་བྱས་པར་གྲུབ་འབྲས་སྔར་ལས་བཟང་བོ་ཐོབ་ཐུབ་པའི་རེ་སྨོན་ཞུས།

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཡོ་རོབ་གླིང་མནའ་འབྲེལ་ཡོངས་ཀྱིས་ཐུན་མོང་ནུས་ཁུངས་ཚོང་ར་འཛུགས་པར་རེ་བས་ཁེངས་ཡོད་ཟེར། ཁོ་མོས་ད་རུང་བཤད་རྒྱུར། ཁེ་ལས་ལ་གཅིག་གྱུར་གྱི་བསམ་འཆར་ཡོད་དགོས་པ་དང་། མཉམ་དུ་རང་བྱུང་སོལ་རླངས་ཉོ་བསྡུ་བྱེད་པ་ལས་སྲིད་གཞུང་གིས་མཉམ་དུ་ནུས་ཁུངས་ཉོ་བསྡུ་བྱེད་པ་མིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག