མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་ལིང་ཏི་ཡིས་ཕུའུ་ཅིན་གྱིས་གང་ནུས་ཀྱིས་ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་དུ་བསྡུ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕུའུ་ཅིན་གྱིས་རང་ནུས་ཅི་ལྕོགས་ཀྱིས་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་དུ་བསྡུ་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨོ་ལིང་ཏི་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། ཁོས་བལྟས་ན་ཁི་ལི་མུས་ཡཱ་ཡིས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་བསྡུས་པའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པར་བཅའ་ཁྲིམས་ཀྱི་རྒྱབ་བརྟེན་ཅི་ཡང་མེད་པར་འདོད། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་རང་གི་རྒྱལ་ཕྲན་དུ་བསྡུ་བའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་ཟེར།

གཞན་ཡང་ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་དང་རྒྱལ་སྲུང་བློན་ཆེན་ལེ་ཏི་ལི་ཨང་གཉིས་ཀྱིས་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་མའོ་སི་ཁི་རུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་ནི་ཐེངས་འདིའི་འགྲུལ་བཞུད་ཀྱི་གྲོས་གཞི་གཙོ་བོ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག