མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟི་ཡིས་འགྲུལ་བའི་ཁྱིམ་མི་རེ་འགའ་མཱ་ལེ་ཞི་ཡཱ་རུ་འགྲོ་བར་བཀོད་སྒྲིག་བྱས་ཀྱང་རྒྱ་གར་དུ་བསྐྱལ་བར་བཤད་པའི་གནས་ཚུལ་དེ་ཡང་དག་མིན་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུར་འབྲེལ་བའི་གསལ་སྒྲོག་བཅུ་དྲུག་པ་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིས་འགྲུལ་བའི་ཁྱིམ་མི་རེ་འགའ་མཱ་ལེ་ཞི་ཡཱ་རུ་འགྲོ་བར་བཀོད་སྒྲིག་བྱེད་སྐབས་ཞང་ཀང་བརྒྱུད་ནས་རྒྱ་གར་དུ་འབྱོར་བའི་བཤད་ཚུལ་དེ་ཡང་དག་མིན་པ་དག་འབུད་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་དེ་པེ་ཅིན་ནས་ཅི་ལུང་ཕའོ་རུ་ཐད་ཀར་འཕུར་བ་ཡིན་ལ་གནས་གཞན་གང་ཡང་བརྒྱུད་མི་དགོས་བར་མ་ཟད། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིས་ཞང་ཀང་ནས་མིན་མེད་བར་གྱི་གནམ་གྲུ་གཏོང་གིན་མེད་ལ། ཞང་ཀང་ནས་རྒྱ་གར་གྱི་ས་ཁུལ་གང་རུང་དུ་འཕུར་བའི་ཐད་གཏོང་གནམ་གྲུ་ཡང་མེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིས་སེམས་ཁུར་བྱེད་པ་ནི་འགྲུལ་བའི་ཁྱིམ་མིའི་བདེ་འཇགས་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག