མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་དབྱི་ལིང་ལ་རོགས་རམ་བྱས་ཏེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གཉིས་གསར་འཛུགས་བྱས་ནས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་དབྱི་ལིང་གིས་ཐོག་མའི་གྲོས་མཐུན་བཀོད་དེ། དབྱི་ལིང་གི་གྲུ་ཁའི་གྲོང་ཁྱེར་པུའུ་ཧྲི་ཨར་ནས་ཡང་བསྐྱར་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གཉིས་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་ཟེར།

ཟླ་གསུམ་པའི་ཚེས་དྲུག་ཉིན། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་གཞོན་པ་མུའུ་ཧན་མའོ་ཏི་དང་ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིའི་སྤྱིའི་ཙུང་ཚེ་ཅི་ལི་ཡན་ཁི་གཉིས་ཀྱིས་མའོ་སི་ཁི་ནས་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལས་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བསྟན་དོན། ཨ་མེ་རི་ཁས་རྒྱ་གར་གྱིས་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་གྱི་ཚད་ཉིས་སྟོང་བཅུ་གསུམ་ལོའི་ཆུ་ཚད་དུ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན་རྗེས། རྒྱ་གར་གྱིས་ད་ལོའི་དུས་ཚིགས་གཉིས་པའི་དབྱི་ལིང་ནས་རྡོ་སྣུམ་ནང་འདྲེན་བྱེད་ཚད་སུམ་ཆའི་གཉིས་ཇེ་ཉུང་དུ་བཏང་ནས་ཨ་མེ་རི་ཁའི་བཀག་སྡོམ་རེ་བ་བསྐང་རྒྱུ་ཐག་བཅད་པ་ཡིན་ཟེར། དེའི་སྔོན་ཨ་མེ་རི་ཁའི་ནུས་ཁུངས་སྲིད་ཇུས་ཀྱི་མཐོ་རིམ་དཔོན་པོ་ཞིག་གིས་རྒྱ་གར་སྲིད་གཞུང་ལ་ཉེན་བརྡ་བཏང་སྟེ། རྒྱ་གར་གྱིས་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་བྱེད་པར་འཕར་སྣོན་ཅུང་ཙམ་ཡང་འབྱུང་མི་རུང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག