མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་དམིགས་འབེན་དེ་དུས་ལྟར་ཡོངས་འགྲུབ་བྱེད་པའི་རེ་བ་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཡུག་ཙུའུ་མུའུ་ཅུའུ་ཡིས་ཚེས24ཉིན་བཤད་རྒྱུར། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་དམིགས་འབེན་དེ་ཟླ6པའི་ཚེས30ཉིན་བར་ཡོངས་འགྲུབ་བྱེད་པར་རེ་བ་ཡོད་ཟེར།

ཡུག་ཙུའུ་མུའུ་ཅུའུ་ཡིས་ཉིན་དེར་ཉིང་རྡུལ་ནུས་པའི་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་ཐད་འགྲན་རྩོད་མང་བོ་གནས་ཡོད་ཀྱང་། མཇུག་མཐར་དུས་ལྟར་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག