མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ཀྲིག་ཏུ་འདམ་ཟེགས་ཀྱི་གནོད་པ་བྱུང་སྟེ་མི108གར་སོང་མ་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནུབ་བྱང་ཕྱོགས་ཀྱི་ཝ་ཧྲིན་ཏོན་ཀྲིག་གི་སི་ནོའུ་ཧའོ་མུས་ཧྲི་རྫོང་གི་དཔོན་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་ཝ་ཧྲིན་ཏོན་ཀྲིག་ནས་བྱུང་བའི་འདམ་ཟེགས་ཀྱི་གནོད་པ་ལས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ལས་གཞན་ད་རུང་མི་བརྒྱ་དང་བརྒྱད་གར་སོང་རྙེད་མེད་ཟེར།

སི་ནོའུ་ཧའོ་མུས་ཧྲི་རྫོང་གི་འཕྲལ་སྒྲུབ་དོ་དམ་གྱི་གཙོ་གཉེར་དཔོན་པོ་ཕིན་ཉིན་ཏོན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཕྱོགས་མང་བོའི་བསྡོམས་རྩིས་ལྟར་ན། མིག་སྔར་མི་བརྒྱ་དང་བརྒྱད་གར་སོང་རྙེད་མེད་ཀྱང་། མི་དེ་དག་ཚང་མ་འདམ་ཟེགས་ཀྱི་གཏོར་བརླག་ཐེབས་པའི་ཁང་བའི་ཞིག་རོའི་འོག་ཏུ་མནན་ཡོད་པའི་ངེས་པ་མེད་ཟེར། གར་སོང་མ་རྙེད་པའི་མིའི་གྲས་སུ་བཟོ་སྐྲུན་ལས་བཟོ་བ་སྐོར་ཞིག་ཡོད་པ་དང་སྐབས་ཐོག་དེར་གནོད་འཚེ་བྱུང་སར་འགྲོ་བཞིན་ཡོད་པ་རེད་ཟེར། ཁོས་བཤད་རྒྱུར། ཉིན་དེའི་ཞོགས་པར་ནམ་ཟླ་ཇེ་བཟང་ལ་སོང་ཡོད་པ་དང་ཡུལ་དངོས་རྒུད་སྐྱོབ་བྱ་བ་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག