མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཧེ་དང་སེར་ཝེ་ཡཱ། ཧེ་ཧྲན་བཅས་རྒྱལ་ཁབ་གསུམ་གྱིས་མཐའ་མཚམས་ས་ཁུལ་གྱི་མཉམ་འབྲེལ་ཉེན་དོན་ལྟེ་གནས་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཧེ་དང་སེར་ཝེ་ཡཱ། ཧེ་ཧྲན་བཅས་རྒྱལ་ཁབ་གསུམ་གྱི་མཐའ་མཚམས་ས་ཁུལ་གྱི་མཉམ་འབྲེལ་ཉེན་དོན་ལྟེ་གནས་དེ་ཚེས་ཉེར་བཞིའི་ཉིན་པའོ་ཧེའི་ལྷོ་ཕྱོགས་གྲོང་ཁྱེར་ཐི་ལོས་པུས་ནེ་ནས་བཙུགས་པ་དང་། རྒྱལ་ཁབ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱི་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ་རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་རེད།

པའོ་ཧེའི་མཐའ་སྲུང་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཏུའུ་མན་ཅི་ཅི་དང་སེར་ཝེ་ཡཱའི་མཐའ་སྲུང་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་པཱ་ནོའུ་ཝེ་ཆི། ཧེ་ཧྲན་མཐའ་སྲུང་ཉེན་རྟོག་ཅུའུ་ཡི་མཐོ་རིམ་དཔོན་པོ་ཝུའུ་ཁཱ་ཏིས་ནོའུ་ཝེ་ཆི་སོགས་མཉམ་འབྲེལ་ཉེན་དོན་ལྟེ་གནས་འཛུགས་པའི་མཛད་སྒོར་ཞུགས། ཏུའུ་མན་ཅི་ཆིི་ཡིས་བཤད་རྒྱུར། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་པ་ནི་རྒྱལ་ཁབ་གསུམ་གྱི་ཁེ་ཕན་དང་འཚམ་ཞིང་ས་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ལ་ཕན་ཐོགས་ཡོད་ཟེར། པཱ་ནོའུ་ཝེ་ཆི་དང་ཝུའུ་ཁཱ་ཏིས་ནོའུ་ཝེ་ཆི་གཉིས་ཀྱིས་བལྟས་ན། མཐའ་མཚམས་ས་ཁུལ་གྱི་མཉམ་འབྲེལ་ཉེན་དོན་ལྟེ་གནས་བཙུགས་ན་རྒྱལ་ཁབ་གསུམ་གྱི་མཐའ་སྲུང་ཉེན་དོན་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་འགྲོ་སྲིད་པར་འདོད།

མཐའ་མཚམས་མཉམ་འབྲེལ་ཉེན་དོན་ལྟེ་གནས་ནི་པཱ་ཨར་ཀན་ནུབ་མ་ས་ཁུལ་གྱི་མཉམ་འབྲེལ་ལས་ཁུངས་ཐོག་མ་ཡིན་པ་དང་། དམིགས་ཡུལ་ནི་བརྡ་འཕྲིན་མཉམ་སྤྱོད་དང་རྩ་འཛུགས་ཡོད་པའི་ནག་ཉེས་དང་། ཁྱད་པར་དུ་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་དང་རྒྱལ་ཁོངས་བརྒལ་ནས་མི་སྣ་ལྐོག་འཚོང་དང་མཚོན་ཆ་ལྐོག་འཚོང་བྱེད་པ་སོགས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་རེད། ཉེན་དོན་ལྟེ་གནས་ལ་སྔོན་ཐོན་གྱི་འཕྲིན་གཏོང་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་རྒྱལ་ཁབ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཕན་ཚུན་འབྲེལ་གཏུག་བྱེད་པར་འགན་སྲུང་བྱས་ཡོད།

རྒྱལ་ཁབ་གསུམ་གྱིས་དེའི་སྔོན་བཀོད་པའི་གྲོས་མཐུན་ལྟར་ན། རྒྱལ་ཁབ་གསུམ་གྱིས་རང་རང་གི་ཉེན་རྟོག་དཔོན་པོ་མངག་གཏོང་བྱས་ཏེ་མཐའ་མཚམས་མཉམ་འབྲེལ་ཉེན་དོན་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོའི་ནང་ལས་རེས་བྱེད་དུ་བཅུག་ནས་བཅའ་ཁྲིམས་ལག་བསྟར་ལ་མཐུན་སྦྱོར་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་པ་དང་། ལས་རེས་ལ་ཞུགས་པའི་ཉེན་རྟོག་པ་དག་གིས་སྔོན་ཆད་དབྱི་ཐཱ་ལེ་ནས་ཆེད་དོན་གསོ་སྦྱོང་མྱངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག