མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཞིབ་འཇུག་སྒྲིག་གཞིས་འཇར་མན་གྱི་དཔལ་འབྱོར་ལེགས་ཕྱོགས་སུ་འགྲོ་ཚུལ་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-24 16:36

    ཤིན་ཧྭ་གསར་འགྱུར་ཁང་པེར་ལིན་ནས་གློག་འཕྲིན་འབྱོར་གསལ།ཉེ་ཆར་འཇར་མན་པེར་ལིན་དུ་ཡོད་པའི་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་སྒྲིག་གཞིས་དཔྱིད་དུས་ཀྱི་སྔོན་དཔག་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་།འདི་ལོའི་འཇར་མན་གྱི་དཔལ་འབྱོར་ན་ནིང་ལས་ཅུང་འཕར་རྗེས་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས་འཕར་ཚད་1.8%ཟིན་རྒྱུ་དང་སང་ལོར་མུ་མཐུད་2.1%བར་འཕར་རྒྱུ་ཡིན་ཞེས་བཤད་ཡོད།

    སྙན་ཞུའི་ནང་།འཇར་མན་བ་སྒེར་གྱི་འཛད་སྤྱོད་ཀྱིས་ནང་ཁུལ་གྱི་དགོས་མཁོ་ཆེ་རུ་འགྲོ་རྒྱུ་མ་ཟད།སའི་གོ་ལའི་དཔལ་འབྱོར་སླར་གསོའི་རིང་ཕྱིར་གཏོང་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་མོད།འོན་ཀྱང་འདི་ལོའི་སྤྱི་པའི་ནོར་སྲིད་ཀྱི་གཏོང་ཡོང་ཐད་ཆད་གྲངས་མཚལ་ཡིག་ཐོན་པ་དེ་སང་ལོར་གཞི་ནས་ནོར་སྲིད་ཀྱི་ཁེ་སྤོགས་སླར་གསོ་ཐུབ་རྒྱུའི་ངོས་འཛིན་བྱས་ཡོད།

    སྙན་ཞུའི་ནང་།འཇར་མན་གྱི་ལས་ཞུགས་ཁྲོམ་རའི་གནས་སྟངས་ལེགས་པས་2015ལོར་ལས་ཤོར་ཁྲི་283བར་ཆག་ནས་བཟོ་པའི་ཡོང་འབབ་མང་དུ་འགྲོ་རྒྱུ་དང་།དངུལ་ལོར་འགྲེམས་ཐལ་ཤོར་ཚད་དམའ་པོ་མུ་མཐུད་གནས་ནས་འདི་ལོ་དང་སང་ལོར་ཁག་སོ་སོར་1.5%དང་1.7%བར་ཟིན་རྒྱུ་དང་།ལས་ཤོར་དང་དངུལ་ལོར་འགྲེམས་ཐལ་གཉིས་ཀ་དམའ་ཤོས་སུ་སླེབས་པ་དེས་འཛད་སྤྱོད་པའི་དགོས་མཁོ་ཆེ་རུ་དང་ཁེ་ལས་ཀྱི་མ་འཇོག་འདོད་མོས་ཤུགས་ཆེར་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ལྡན་པ་མ་ཟད།སའི་གོ་ལའི་དཔལ་འབྱོར་སླར་གསོའི་སྐབས་འཇར་མན་གྱི་ཕྱི་གཏོང་ཐད་འཕར་གཞི་གསར་པའི་དུས་ཤིག་སླེབས་རྒྱུ་ཡིན་པ་བཤད་ཡོད།

    ད་ཆ་ཨ་རི་དང་ཡོ་རོབ་ཀྱི་དཔལ་འབྱོར་འཕར་བའི་རྣམ་པ་རགས་ཙམ་ཐོན་ནས་ཡོ་རོབ་ཀྱི་བུན་ཟུགས་རྒྱལ་ཁབ་རང་སོའི་དཔལ་འབྱོར་ཉམ་ཐག་གནས་ལས་རིམ་བཞིན་སྒྲོལ་ནའང་།གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་མ་རྩའི་ཁྲོམ་ར་བརྟན་པོ་མེད་པའི་ཁར་མ་དངུལ་བསྡུ་སྒྲིལ་གྱི་མཐུན་རྐྱེན་ཞན་པའི་དབང་གིས་དཔལ་འབྱོར་འཕར་བའི་གསོན་ཤུགས་ལ་ཤུགས་རྐྱེན་འཕྲད་ཡོད།

    ཞིབ་འཇུག་སྒྲིག་གཞི་དེས་སང་ལོ་དང་གནངས་ལོར་སའི་གོ་ལའི་གུ་ཡངས་པའི་དངུལ་ལོར་སྲིད་ཇུས་སྔར་བཞིན་གནས་ནས་ནོར་སྲིད་ཀྱི་སྲིད་ཇུས་ནན་པོར་བརྩི་སྲུང་མི་ཐོབ་ནའང་།སྤྱིར་ནས་བཤད་ཚེ་འཛམ་གླིང་དཔལ་འབྱོར་གྱི་འཕར་ཚད་མགྱོགས་སུ་ཕྱིན་ཏེ་འདི་ལོ་དང་སང་ལོའི་ནང་ཁག་སོ་སོར་3.8%དང་4%ཟིན་བཟོ་ཡོད་པའི་སྔོན་དཔག་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག