མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབུ་ཁེ་ལན་གྱི་ཙུང་ལི་ཡ་ཚའི་ཉིའུ་ཁེས་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཇལ་མོལ་གནང་བ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-24 16:05

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབུ་ཁེ་ལན་གྱི་ཙུང་ལི་ཡ་ཚའི་ཉིའུ་ཁེས་སྤྱི་ཚེས་༢༢ཉིན་ཅིའི་ཕུར་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཇལ་མོལ་གནང་ཏེ། ཕྱོགས་གཉིས་པོས་ཁེ་ལི་མི་ཡའི་དབང་འཛིན་ལས་ཁུངས་དང་དབུ་ཁེ་ལན། ཡོ་རོབ་མནའ་འབྲེལ་བཅས་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་ཆོད་ཡིག་འཇོག་རྒྱུ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་རེད།

    དབུ་ཁེ་ལན་སྲིད་གཞུང་གི་གསར་འགྱུར་ཅུས་ནས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཡ་ཚལ་ཁེས་མཇལ་མོལ་གནང་སྐབས། ང་ཚོས་ཁེ་ལི་མི་ཡའི་དམངས་ཡོངས་ཀྱི་བརྡས་ཐག་བཅད་འབྲས་ཁས་ལེན་ཐབས་མེད། རྒྱལ་སྤྱིའི་སྤྱིཚོགས་ཀྱིས་དགོས་ངེས་ཀྱི་བྱ་ཐབས་བཟུང་ནས་གནད་དོན་དེར་ཁ་གཏད་གཅོག་རྒྱུར་ཡོད་ཆེས་ཡོད་ཅེས་གསུངས་འདུག

    ཕན་ཅི་ཝུན་གྱིས་ང་འདིར་ཡོང་བའི་དམིགས་ཡུལ་ནི་ཚོད་བགམ་ཐེག་ཐུབ་མིན་གྱི་འགག་རྩའི་སྐབས་སུ་དབུ་ཁེ་ལན་གྱི་མི་དམངས་དང་སྲིད་གཞུང་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་ཞེས་གསུངས་འདུག

    ཕན་ཅི་ཝུན་སྤྱི་ཚེས་༢༡ཉིན་དབུ་ཁེ་ལན་གྱི་རྒྱལ་ས་ཅི་ཕུར་ཕེབས་འབྱོར་བྱུང་ནས་དུས་ཡུན་ཉིན་གཉིས་རིང་དེ་གར་འཚམས་འདྲི་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག