མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་དམག་དཔུང་དང་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་བར་གདོང་གཏུག་ཤོར་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-24 16:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༢ཉིན་གྱི་ཐོ་རེངས་སུ། དབྱི་སི་རལ་དམག་དཔུང་གིས་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་མི་ཧ་མུ་ཀྲ་ཨ་པུ་ཤི་ཇའི་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ཇེ་ནིང་དུ་ཡོད་པའི་སྡོད་ཁང་གི་མཐའ་སྐོར་བ་མ་ཟད། མེ་མདའ་རྒྱག་རེས་བྱེད་པའི་བརྒྱུད་རིམ་ནང་ཧ་མུ་ཀྲ་ཨ་པུ་ཤི་ཇ་བསད་ཡོད་པ་རེད། དེ་རྗེས་ཇེ་ནིང་ཡུལ་གྱར་བའི་སྒར་སར་ཡོད་པའི་ཕ་ལི་སི་ཐན་བ་དང་དབྱི་སི་རལ་དམག་དཔུང་བར་གདོང་གཏུག་ཤོར་བ་དང་། དབྱི་སི་རལ་དམག་གིས་ངོ་རྒོལ་བྱེད་མཁན་མི་ཚོགས་ལ་མེ་མདའ་བརྒྱབ་ནས། མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་ནི་སྤྱི་ལོ་༢༠༠༢ལོར་དབྱི་སི་རལ་དམག་གིས་ཇི་ནིང་ལ་བཙན་འཛུལ་བྱས་ནས་ཧ་མ་སིའི་ཁོངས་མི་འབོར་ཆེན་འཛིན་བཟུང་བྱས་ཚུན་ཐོན་པའི་ཆེས་ཚབས་ཆེ་ཤོས་ཀྱི་གདོང་གཏུག་ཞིག་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག