མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ཡུལ་གྱར་བ་འབོར་ཆེན་ལི་པ་ནོན་དུ་བྲོས་པ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-24 16:04

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པ་ནོན་གྱི་ས་མཚམས་སུ་སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཤོག་ཁག་བར་གྱི་དམག་འཁྲུག་ཚབས་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་སི་རི་ཡའི་སྲིད་གཞུང་དམག་གིས་དེ་སྔོན་ངོ་རྒོལ་ཤོག་ཁག་གིས་ཚོད་འཛིན་བྱས་པའི་མཐའ་མཚམས་གཙོ་གནད་གྲོང་རྡལ་ཡ་པུ་ལུ་དེ་དང་ཧ་སེན་བཙན་བཟུང་བྱས་ཚུན། ཡུལ་གྱར་བ་དང་། སི་རི་ཡའི་སྲིད་གཞུང་དམག་གིས་འཛིན་བཟུང་བྱེད་བཞིན་པའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་པ། དེ་བཞིན་རྨས་མ་སོགས་སི་རི་ཡའི་མི་འབོར་ཆེན་གཅིག་རྗེས་གཉིས་མཐུད་ཀྱིས་ལི་པ་ནོན་གྱི་མཐའ་མཚམས་སུ་བྲོས་ཡོད་པ་རེད། ལི་པ་ནོན་གསར་འགྱུར་ལས་རིགས་ཀྱིས་སྤྱི་ཚེས་༢༢ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཉིན་ལྟར་སི་རི་ཡའི་ཡུལ་གྱར་བ་འབོར་ཆེན་ཞིག་གཞུང་ཕྱོགས་ཀྱི་འགག་སྒོ་བརྒྱུད་པའམ་ཡང་ན་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་དེ་ལི་པ་ནོན་དུ་འབྱོར་གྱི་ཡོད། སྤྱི་ཚེས་༢༢ཉིན་སི་རི་ཡའི་ཡུལ་གྱར་བ་༣༠༠ལྷག་ཙམ་གྱིས་དམག་འཁྲུལ་ལས་གཡོལ་ཆེད་ལི་པ་ནོན་གྱི་ཧ་སླིད་དེ་གཤོང་སར་བྲོས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག