མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་ཆིངས་ཡིག་སྟེང་མིང་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས21ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཆོག་མཆན་བཀོད་པའི་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་ཆིངས་ཡིག་དང་། ཁི་ལི་མུས་ཡཱའི་གོ་གནས་དང་རྒྱལ་མཚམས་སོགས་བྱེ་བྲག་གི་ནང་དོན་གཏན་འཁེལ་བྱེད་པའི་རྩ་ཁྲིམས་སྲོལ་ཡིག་སྟེང་མིང་བཀོད། དེ་ལས་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་བཅའ་ཁྲིམས་འགྲོ་ལུགས་ཡོངས་འགྲུབ་བྱས་པ་མཚོན་ཡོད།

ཕུའུ་ཅིན་གྱིས་བཀོད་པའི་ཡིག་ཆ་དེ་གཉིས་ནི་དེའི་སྔོན་གྲོས་ཁང་གོང་ཞོལ་གཉིས་ལ་སྤྲད་དེ་ཆོག་མཆན་འགོད་དུ་བཅུག་པ་རེད། ད་ལྟ་ནས་བཟུང་ཡིག་ཆ་དེ་གཉིས་དངོས་སུ་ནུས་ལྡན་དུ་གྱུར་བ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ཁི་ལི་མུས་ཡཱ་སྤྱི་མཐུན་རྒྱལ་ཁབ་དང་སེ་ཝ་སི་ཐའོ་པའོ་ཨར་ཐད་གཏོགས་གྲོང་ཁྱེར་དངོས་སུ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་གཏོགས་སུ་གྱུར་བ་ཁས་ལེན་བྱས།

ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚེས16ཉིན་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་བ་དང་། བརྒྱ་ཆའི་གོ་བདུན་ཙམ་གྱི་འདེམ་ཤོག་འཕེན་མཁན་ཁི་ལི་མུས་ཡཱ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་ཡིད་འཐད་བྱུང་བ་རེད། ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་གྱི་འཐུས་མིའི་བར་ཆིངས་ཡིག་བཀོད་དེ། ཁི་ལི་མུས་ཡཱ་དང་སེ་ཝ་སི་ཐའོ་པའོ་ཨར་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་ཆོག་མཆན་བཀོད།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག