མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་གྱི་ཆོས་ལུགས་ཕྱོགས་ཁག་བར་འཁྲུག་རྩོད་བྱུང་སྟེ་མི18རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་བྱང་ཕྱོགས་གྲོང་ཁྱེར་གྱི་ཏི་ལེ་པའོ་ལིའི་རྒྱབ་སྐྱོར་མཁན་དང་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་བར་དྲག་ཆས་འཁྲུག་རྩོད་བྱུང་སྟེ་ཉིན་བརྒྱད་འགོར་བ་དང་། ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར་བ་དང་མི100ལྷག་ལ་རྨས་ཕོག་ཡོད།

མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཏི་ལེ་པའོ་ལིའི་མུའུ་ཧཱ་ཞིན་རི་ཁུལ་གྱི་སི་རི་ཡཱའི་སྲིད་གཞུང་ལ་བློ་དཀར་བའི་ཨ་ལཱ་ཝེ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཐཱ་པཱ་ནཱ་མིན་ས་ཁུལ་གྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཞོང་ནེ་ཕྱོགས་ཁག་གི་དྲག་ཆས་མི་སྣའི་བར་ཚེས་བཅུ་གསུམ་ཉིན་ནས་བཟུང་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་སྐབས་མེ་མདའ་དང་མེ་ཤུགས་འཕུར་མདའ། མེ་སྒྱོགས་སོགས་མཚོན་ཆ་བེད་སྤྱོད་བྱས་ཟེར། ཚེས་ཉི་ཤུ་ཉིན་གྱི་དགོང་མོ་ནས་ཚེས་ཉེར་གཅིག་ཉིན་བར། འཁྲུག་རྩོད་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག དེ་མིན་ད་རུང་སྡོད་དམངས་ཀྱི་སྡོད་ཁང་དང་ཚོང་ཁང་། རླངས་འཁོར་སོགས་ལ་གཏོར་བརླག་ཐེབས་ཡོད་ཟེར།

བདེ་འཇགས་མི་སྣ་དེས་བཤད་རྒྱུར། ལེ་པཱ་ནུན་གྱི་དམག་དཔུང་གིས་མུ་མཐུད་དུ་འཁྲུག་རྩོད་ས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། དམག་དཔུང་གིས་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱེད་སྐབས་མི1རྐྱེན་ལམ་དུ་ཤོར་བ་དང་། མི22ལ་རྨས་ཕོག གཞན་ད་རུང་དམག་བཀོལ་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག