མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ཆབ་སྲིད་ལ་འབྲེལ་བའི་ནང་དོན་ལ་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡི་གསར་འགྱུར་དྲུང་ཡིག་གཞོན་པ་ཨ་མན་གྱིས་བསྟན་དོན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས21ཉིན་པུའུ་ལུའུ་སེར་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལེའུར་གྲོས་མཐུན་བཀོད་ཟེར།

ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་ཆོད་དེའི་ཆབ་སྲིད་དང་འབྲེལ་བའི་ནང་དོན་ལ་གྲོས་མཐུན་བཀོད་པ་བདེན་དཔང་བྱས་ཆོག་ཟེར།

ཝུའུ་ཁི་ལན་གྱི་གྲོས་ཁང་གསི་བསྐོ་འཇོག་བྱས་པའི་སྲིད་གཞུང་གི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་བར་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་དཔལ་འབྱོར་ལ་འབྲེལ་བའི་ནང་དོན་ལ་གྲོས་མཐུན་འགོད་པའི་འཆར་གཞི་ཡོད་ཟེར།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར། ཝུའུ་ཁི་ལན་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་བར་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་གྲ་སྒྲིག་བྱ་བ་མཚམས་བཞག་པ་དང་། མཉམ་ལས་གྲོགས་པོ་གཙོ་བོ་ཨུ་རུ་སི་དང་རང་བཙན་མཉམ་འབྲེལ་ལྷན་ཚོགས་བར་གྱི་ཉོ་ཚོང་འབོར་གྲངས་ཇེ་དམའ་རུ་སོང་བ་དང་། དཔལ་འབྱོར་གནས་བབ་རྙོག་འཛིང་གི་སྣང་ཚུལ་བྱུང་ལ། ཝུའུ་ཁི་ལན་གྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་ན་དགོས་མེད་ཀྱི་འགྲོ་སོང་འབྱུང་སྲིད་ཟེར། ཝུའུ་ཁི་ལན་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་བར་ཕྱོགས་གསུམ་གྱི་རྣམ་པ་ལྟར་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་གྲོས་བསྡུར་བྱེད་རྒྱུའི་རེ་བ་བཏོན་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཡང་ཡོ་རོབ་གླིང་མནའ་འབྲེལ་གྲོས་མོལ་ལ་མ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག