མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་ཏེ་ཝུའུ་ཁི་ལན་གྱི་ཆབ་སྲིད་དང་དཔལ་འབྱོར་བརྟན་འཇགས་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཚུལ་སྟོན་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-23 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས22ཉིན་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་རྒྱུ་རེད། ཁོས་ཝུའུ་ཁི་ལན་གྱི་ཙུང་ལི་ཚབ་མ་ཡཱ་ཚེ་ཉིག་ཁི་དང་ཙུང་ཐུང་ཚབ་མ་ཐུའུ་ཨར་ཆི་ནོའུ་ཧྥུའུ་གཉིས་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་རུ་སོང་ནས་ས་དེའི་མགོ་ཁྲིད་པར་ཐུག་འཕྲད་བྱེད་རྒྱུ་རེད།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། ཧྲི་ཐེ་ཡུན་མེད་ཨར་གྱིས་ཝུའུ་ཁི་ལན་གྱི་གནས་སྐབས་སྲིད་གཞུང་བར་འབྲེལ་འདྲིས་བྱས་ཏེ་ཡུལ་དངོས་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར།

མགྲིན་ཚབ་པས་བཤད་རྒྱུར། ཧྲི་ཐེ་ཡུན་མེད་ཨར་གྱི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་འཇར་མན་གྱིས་ཝུའུ་ཁི་ལན་གྱི་ཆབ་སྲིད་དང་དཔལ་འབྱོར་བརྟན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་བསམ་ཚུལ་སྟོན་པ་དང་། ཞོར་དུ་འཇར་མན་གྱིས་ཝུའུ་ཁི་ལན་གྱི་སྲིད་གཞུང་གསར་བ་དང་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་མི་དམངས་ཚང་མར་བདེ་སྐྱིད་སྐྲུན་པར་རེ་བས་ཁེངས་ཡོད་པ་ནན་བཤད་བྱེད་པའི་ཆེད་དུ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག