ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས19ཡི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཝུའུ་ཁི་ལན་གནས་བབ་ཐད་ནས་བསྡུས་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་མྱུར་མོར་དེང་སྐབས་ཀྱི་ཉམས་ཉེན་ཐད་ནས་ཐད་ཀར་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནུས་པ་གང་ཡོད་འདོན་སྤེལ་བྱེད་རྒྱུའི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཉིན་དེར་ཨུ་རུ་སི་དང་ཝུའུ་ཁི་ལན་དུ་བར་འདུམ་བྱ་བ་སྤེལ་བར་ཆས། །