ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུའུ་ལུའུ་སེར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་སོང་བའི་ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཚེས20ཡི་ཉིན་ནན་གྱིས་བསྟན་དོན། ཅི་ཧྥུའུ་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་ཆུ་གློག་འདོན་སྤྲོད་མཚམས་འཇོག་འདོད་མེད་ཀྱང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ངེས་པར་དུ་དེར་གླ་རིན་སྤྲོད་དགོས་ཟེར།
ཡཱ་ཚེ་ཉིག་ཁི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཅི་ཧྥུའུ་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་ཆུ་གློག་འདོན་སྤྲོད་མཚམས་འཇོག་འདོད་མེད་ཟེར། རྒྱུ་ཆ་ལྟར་ན། ཁི་ལི་མུས་ཡཱའི་བརྒྱ་ཆའི་དགུ་བཅུའི་ཆུ་གློག་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་མཁོ་འདོན་བྱས་པ་རེད།
ཡཱ་ཚེ་ཉིག་ཁི་ཡིས་ཉིན་དེར་ད་རུང་བསྟན་དོན། ཨུ་རུ་སིའི་བར་ལམ་ཡིག་འགོད་པའི་ལམ་ལུགས་མྱུར་དུ་ལག་བསྟར་བྱེད་མི་རུང་བ་དང་། ཝུའུ་ཁི་ལན་གྱི་སྤྱི་དམངས་དང་ཁྱད་པར་དུ་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་སྤྱི་དམངས་ཀྱིས་ལམ་ཡིག་མི་དགོས་པའི་ལམ་ལུགས་ལ་རེ་བ་ཆེན་པོ་བཅངས་ཡོད་ལ། རྒྱུ་མཚན་ནི་ཁོ་ཚོ་ཨུ་རུ་སི་རུ་ཞོར་ལས་སུ་འགྲོ་བའམ་ཡང་ན་གཉེན་ཉེ་ལ་བསྐོར་བརྒྱག་ཏུ་འགྲོ་དགོས་པས་ཡིན་ཟེར། །