མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་ནས་མེ་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་སྟེ་མི9རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-21 12:10

土耳其列车与面包车相撞9人死亡.jpg

  ཟླ3པའི་ཚེས20ཡི་ཉིན། རྒུད་སྐྱོད་མི་སྣས་ཐུར་ཁེའི་མེ་ཨར་ཞིན་ཞིང་ཆེན་གྱི་གནས་སྐོར་མེ་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ལྷོ་ཕྱོགས་ས་ཁུལ་ནས་ཚེས20ཡི་ཉིན་གནས་སྐོར་མེ་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག ཐུར་ཁེའི་ཨན་ཏའོ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་གནས་སྐོར་མེ་འཁོར་དེ་ཨ་ཏཱ་ནཱ་ཞིང་ཆེན་ནས་མེ་ཨར་ཞིན་ཞིང་ཆེན་དུ་བགྲོད་བཞིན་ཡོད་པ་དང་། ཐཱ་ཧྲི་ཁུན་ཐི་མེ་འཁོར་ས་ཚིགས་ཉེ་འདབས་སུ་བགྲོད་སྐབས་ལྕགས་ལམ་བརྒལ་བའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་ནས། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག