མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུ་ཁེ་ལན་གྱིས་ཨུ་རུ་སུར་ལམ་ཡིག་ལམ་ལུགས་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:36

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཚེས་༡༩ཉིན། ཝུ་ཁེ་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཕ་ལུའུ་པིས། ཨུ་ཡོན་ལྷན་ཁང་དེས་ཝུ་ཁེ་ལན་ཕྱི་འབྲེལ་པུའུ་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་ལམ་ཡིག་ལམ་ལུགས་ལག་བསྟར་བྱེད་རྒྱུའི་ལས་འགན་སྤྲད་ཡོད་ཅེས་བཤད་འདུག

    ཕ་ལུའུ་པིས་ཝུ་ཁེ་ལན་ཕྱི་འབྲེལ་པུས་ཆུ་ཚོད་ཁ་ཤས་སོང་རྗེས་དེ་མཚུངས་ཀྱི་སྒྲིག་གཞི་ཞིག་བཟོ་རྒྱུ་རེད། སྒྲིག་གཞི་དེར་གཞིགས་ན། ཝུ་ཁེ་ལན་ལ་སྐྱོད་མཁན་ཨུ་རུ་སུའི་སྤྱི་དམངས་ཡིན་ཕྱིན་ངེས་པར་དུ་ཕྱི་རྒྱལ་ལ་འགྲོ་བའི་ལམ་ཡིག་རེ་ཞུ་བྱས་ན་མ་གཏོགས་འགྲོ་ཆོག་གི་མེད་ཅེས་དང་ཕ་ལུའུ་པིས། ཝུ་ཁེ་ལན་ཕྱི་འབྲེལ་པུས་ལག་རྩལ་ཐད་ལག་བསྟར་བྱེད་རུང་བའི་དུས་ཚོད་ཐུང་ཤོས་ནང་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལག་བསྟར་བྱེད་རྒྱུར་ལས་འགན་སྤྲད་ཡོད་ཅེས་བཤད་འདུག

    མིག་སྔའི་བར། ཝུ་ཁེ་ལན་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་སྤྱི་དམངས་ལ་སྤྱིར་བཏང་ལམ་ཡིག་ཡོད་ན་ཕ་རོལ་རྒྱལ་ཁབ་ལ་ཉིན་༩༠མི་བརྒལ་བ་སྡད་ཆོག་གི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག