མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུ་དང་ཝུ་ཁེ་ལན་རྒྱལ་ཁབ་གཉིས་པོས་འཕྲལ་དུ་ཉམས་ཉེན་ཐག་གཅོད་བྱེད་ཆེད་ཐད་ཀར་སྐད་ཆ་ཤོད་རེས་བྱེད་དགོས་པའི་སྐུལ་འདེབས་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨེ་ལི་ཡ་སུང་གིས་སྤྱི་ཚེས་༡༩ཉིན་ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཨུ་རུ་སུ་དང་ཝུ་ཁེ་ལན་གྱིས་འཕྲལ་དུ་ཉམས་ཉེན་ཐག་གཅོད་བྱེད་ཆེད་ཐད་ཀའི་སྐད་ཆ་ཤོད་རེས་བྱེད་དགོས་པའི་སྐུལ་འདེབས་བྱས་ཡོད་པ་རེད། ཁོང་གིས་དེ་དང་དུས་མཚུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་ཆེད་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་འདུག

    ཨེ་ལི་ཡ་སུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གསུངས་གནང་བ་ལྟར་ཝུ་ཁེ་ལན་གྱི་དུས་བབ་འགག་རྩའི་སྐབས་སུ་གནས་པ་དང་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད། ཡིན་ནའང་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པའི་རྒྱལ་སྒོ་སྔར་བཞིན་ཕྱེ་ཡོད་པས་འབྲེལ་ཡོད་ཕྱོགས་ཁག་ནས་འཁྲུག་རྩོད་སློབ་བའི་གཏམ་སྤྱོད་དང་ཧ་རེ་ཧུ་རེའི་སྒོ་ནས་ཐག་གཅོད་མི་བྱེད་པར་ཐད་ཀར་སྐད་ཆ་ཤོད་རེས་བྱེད་པ་དང་ཕྱི་འབྲེལ་ཐབས་ལམ་བརྒྱུད་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་བུ་བཤངས་དགོས། དོན་དེའི་ཐད་ཕན་ཅི་ཝུན་ཉིན་དེ་རང་ལ་ཨུ་རུ་སུ་དང་ཝུ་ཁེ་ལན་ལ་འདུམ་སྒྲིག་བྱེད་པར་ཕེབས་ཡོད་ཅེས་དང་ཨེ་ལི་ཡ་སུང་གིས། ཉམས་ཉེན་དེ་མིག་སྔར་དེ་སྔའི་དུས་གང་རུང་ལས་སྔར་བས་ཚབས་ཆེ་བར་གྱུར་ཡོད་ཅེས་ནན་བཏོན་བྱས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག