མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་གྱིས་རྒྱ་གར་གྱི་ཙུང་ལི་ཤིན་གེར་གློག་འཕྲིན་བཏང་བ།

རྩོམ་པ་པོ། བཀྲ་ཤིས་བཟང་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:20

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༨ཉིན་གྱི་དགོང་མོ། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་གྱིས་རྒྱ་གར་གྱི་ཙུང་ལི་ཤིན་གེར་གློག་འཕྲིན་བཏང་ནས། ཉེ་ཆར་དབུ་ཁེ་ལན་གྱི་གནས་བབ་འཕེལ་རིམ་དང་ཁེ་ལི་མི་ཡའི་དམངས་ཡོངས་ཀྱིས་འཕེན་ཤོག་འཕེན་པའི་གནས་ཚུལ་གསལ་བཤད་གནང་བ་དང་། ཤིན་གེས་མོ་སི་ཁོའི་བར་གྱི་དམིགས་བསལ་གྱི་འཐབ་ཇུས་རོགས་པའི་འབྲེལ་བ་བསྐྱར་བཤད་གནང་འདུག

    སྤྱི་ཚེས་༡༨ཉིན་རྒྱ་གར་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས། ཤིན་གེས་རྒྱ་གར་གྱིས་རྒྱལ་ཁབ་ཁག་གི་མཐུན་བསྒྲིལ་དང་མངའ་ཁོངས་ས་ཆ་ཆ་ཚང་ཐད་འཛིན་པའི་འགྱུར་མེད་ལངས་ཕྱོགས་ནན་བཤད་གནང་ཡོད་ཅེས་བཀོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཕུ་ཅིན་གྱིས་སྤྱི་ལོ་༢༠༠༠ལོར་རྒྱ་གར་ལ་འཚམ་འདྲི་ཐེངས་དང་པོ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་བར་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ཡོད་པ་དང་ལོ་དེ་གར་ལོ་འཁོར་འགོ་གཙོའི་གྲོས་ཚོགས་ལམ་ལུགས་ཅན་དུ་གྱུར་ཡོད་པ་རེད། སྤྱི་ལོ་༢༠༡༠ལོའི་སྐབས་བཅུ་གཅིག་པའི་རྒྱ་གར་དང་ཨུ་རུ་སུའི་འགོ་གཙོའི་གྲོས་ཚོགས་སྐབས་སུ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དམིགས་བསལ་གྱི་འཐབ་ཇུས་རོགས་པའི་འབྲེལ་བར་རིམ་པ་སྤར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག